བོད་ཀྱི་རྒྱལ་ས་ལྷ་སར་དམ་དྲག་ཆེ་རུ་བཏང་ཡོད་འདུག

2014-05-28
གློག་འཕྲིན།
མཆན།
Share
པར་བཀོད།
ལྷ་སར་ཆོས་ཕྱོགས་ཀྱི་བྱེད་སྒོའི་སྐབས་རྒྱ་ནག་གིས་དམ་དྲག་བྱེད་བཞིན་པའི་རྣམ་པ། ༢༠༡༢།༡༢
ལྷ་སར་ཆོས་ཕྱོགས་ཀྱི་བྱེད་སྒོའི་སྐབས་རྒྱ་ནག་གིས་དམ་དྲག་བྱེད་བཞིན་པའི་རྣམ་པ། ༢༠༡༢།༡༢
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། བོད་འབྱོར།

ཉེ་བའི་ཤིན་ཅང་གི་དོན་རྐྱེན་རྗེས་རྒྱ་ནག་གིས་བོད་ཀྱི་རྒྱལ་ས་ལྷ་སར་དམ་དྲག་ཆེ་རུ་བཏང་ནས་བཙོན་ཁང་ལྟ་བུར་གནས་ཡོད་ཟེར།
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་བོད་མི་ཞིག་གིས་ཁ་པར་བརྒྱུད་ཐད་ཀར་ངོ་སྤྲོད་བྱས་བ་ལྟར་ན། སྤྱིར་བཏང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དེ་སྔ་ནས་དམ་བསྒྲགས་ཡོད་མུས་ཐོག་ཉེ་བའི་ཆར་རྒྱ་ནག་གཞུང་གིས་ཤིན་ཅང་ཞེས་འབོད་པའི་ཁུལ་ལ་འབར་རྫས་ཀྱི་གཏོར་རྒོལ་བྱུང་བའི་རྗེས་སྔར་ལས་དམ་བསྒྲགས་ཆེ་རུ་བཏང་ཡོད་ཅེས་དང་། ཁོང་གིས་མུ་མཐུད་དུ། དེང་སང་ལྷ་སའི་ནང་བོད་མིའི་འགྲོ་སྡོད་སྤྱོད་གསུམ་ལ་ཧ་ཅང་དམ་བསྒྲགས་བྱེད་པ་མ་ཟད། གང་སར་དམག་མི་དང་ཉེན་རྟོག་མི་སྣ་དཔུང་འཇོག་བྱས་ནས་ལས་ཁུངས་དང་། ཇ་ཁང་སོགས་ཀྱི་ནང་ཐ་ན་སྐད་ཆ་ཤོད་རྒྱུར་ཡང་དོགས་ཟོན་བྱེད་དགོས་པའི་ཞེད་སྣང་ཆེ་རུ་ཕྱིན་ནས་གང་ལྟར་བཙོན་ཁང་ལྟ་བུར་གྱུར་ཡོད་ཟེར། ཁོང་གིས་མུ་མཐུད་ནས་དམིགས་བསལ་བོད་ལྗོངས་སློབ་གྲྭ་ཆེན་མོའི་ནང་དམ་བསྒྲགས་ཆེན་པོ་བྱས་ནས་སློབ་ཕྲུག་གི་སྡོད་ཁང་ནས་སློབ་ཕྲུག་ཚོ་ཕྱིར་ཐོན་རྒྱུར་འགོག་རྐྱེན་དང་མཐོ་སློབ་ནང་དུ་བཀའ་འཁྲོལ་ཡོད་ན་མ་གཏོགས་འགྲོ་མི་ཆོག་པ་སོགས་དམ་བསྒྲགས་ཤུགས་ཆེ་བྱེད་པའི་རྐྱེན་གྱིས་ཕྲུ་གུ་ཚོའི་སེམས་པ་གུ་དོག་པོ་དང་། སློབ་གྲྭར་འཛུལ་ཞུགས་བྱས་པའི་ཐོག་ལའང་འགྱོད་པ་སྐྱེས་དགོས་པ་ཆགས་ཀྱི་ཡོད་པ་སོགས་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་ལུགས་གསུངས་པ་དང་། ཕྱོགས་གཞན་ཞིག་ནས་ཁོང་རང་ཉིད་དགུན་ཁའི་རིང་བོད་ཀྱི་ཁམས་དང་ཨ་མདོ་ས་ཁུལ་ཁག་ཏུ་བསྐོར་བསྐྱོད་ལ་བསྐྱོད་སྐབས་ས་ཁུལ་དེ་དག་ནང་བོད་རིགས་མང་ཚོགས་ཕན་ཚུན་བར་རྡོག་རྩ་ཆིག་སྒྲིལ་གྱི་རྣམ་པ་ཤུགས་ཆེ་མཐོང་རྒྱུ་ཡོད་ལུགས་ཀྱང་ངོ་སྤྲོད་གནང་བྱུང་།
མཐའ་དོན་ཁོང་གིས་དམིགས་བསལ་གོ་སྐབས་བརྒྱུད་བོད་ནང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༠་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་། སྐུ་ཚེ་ཞབས་པད་བརྟན་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཅེས་གསུངས་སོང་།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།