རྒྱ་ནག་གི་གདུག་རྩུབ་ཅན་གྱི་བྱ་སྤྱོད་སྲིད་ཇུས་ཐོག་བགྲོ་གླེང་དང་བོད་མིའི་སྐུ་ཚབ་མཉམ་ཞུགས།

2021-06-30
Share
རྒྱ་ནག་གི་གདུག་རྩུབ་ཅན་གྱི་བྱ་སྤྱོད་སྲིད་ཇུས་ཐོག་བགྲོ་གླེང་དང་བོད་མིའི་སྐུ་ཚབ་མཉམ་ཞུགས། རྒྱ་ནག་གི་གདུག་རྩུབ་ཅན་གྱི་བྱ་སྤྱོད་སྲིད་ཇུས་ཐོག་བགྲོ་གླེང་དང་བོད་མིའི་སྐུ་ཚབ་མཉམ་ཞུགས། ༦།༢༩།༢༡
OOT, Washington

རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བའི་སྐབས་འདིར་རྒྱ་རིགས་དམངས་གཙོ་དོན་གཉེར་བ་གྲགས་ཅན་ཁག་ཅིག་གིས་རྒྱ་ནག་གི་གདུག་རྩུབ་ཅན་གྱི་བྱ་སྤྱོད་ཐོག་བགྲོ་གླེང་གནང་བར་བོད་མིའི་སྐུ་ཚབ་ཁག་ཅིག་མཉམ་ཞུགས་གནང་འདུག
དེ་ཡང་གསར་དུ་བཙུགས་པའི་(IPKmedia)་ཞེས་པའི་ཚོགས་པས། རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བ་དང་དུས་མཚུངས་རྒྱ་ནག་དམར་ཤོག་ཚོགས་པའི་གདུག་རྩུབ་ཅན་གྱི་བྱ་སྤྱོད་ཐད་ལ་དུས་ཡུན་ཚོུད་བརྒྱ་ཞེས་པའི་བརྗོད་གཞི་ཐོག་ལ་བགྲོ་གླེང་ཞིག་ཨ་རིའི་མངའ་སྡེ་(Virginia)་ནང་ཚོགས་པའི་སྐབས། རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་གྲགས་ཅན་ཚའེ་ཞཱ་(Cia Xia)དང་། ཁྲིན་ཀོན་ཁྲིན་(Chen Guangcheng) ཝང་ཏན་(Wang Dan)་སོགས་མི་སྣ་ཁག་ཅིག་ཨ་རི་དང་ཨོ་སི་ཀྲ་ལི་ཡ། ཡོ་རོབ། ཐེ་ཝན་བཅས་ནས་མཉམ་ཞུགས་བྱས་ཡོད་པ་དང་། དེ་བཞིན་ཨ་རིའི་རྒྱལ་སར་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་བགྲོ་གླེང་འགོ་འཛུགས་ལས་རིམ་ཐོག་མཉམ་ཞུགས་གནང་སྟེ། རྒྱ་ནག་གཞུང་གིས་དྲག་གནོན་འོག་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་གནས་སྟངས་སྡུག་པོ་ཡོད་པ་ངོ་སྤྲོད་གནང་བ་མ་ཟད། དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ནང་དོན་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་སྲིད་ཇུས་དེ་ལག་བསྟར་གནང་བཞིན་པའི་སྐོར་འགྲེལ་བརྗོད་གནང་འདུག།
ད་དུང་རྒྱ་ནག་གཞུང་གིས་རྒྱ་ནག་མི་དམངས་དང་། བོད་མི། ཡུ་གུར་བ། ཧོང་ཀོང་ཐོག་ལ་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱེད་བཞིན་པར་བརྟེན་ནས་རྒྱ་ནག་དེ་བཞིན་རང་དབང་ལ་དགའ་བའི་རྒྱལ་ཁབ་ཁག་ནས་ད་ཆ་གྲོགས་མེད་ཁེར་རྐྱང་དུ་ལུས་བཞིན་ཡོད་པའི་སྐོར་གསུངས་ཡོད་པ་རེད།
དེ་བཞིན་བགྲོ་གླེང་ཐོག་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱ་ནག་ལས་དོན་ཚན་པའི་འགན་འཛིན་དང་། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད། ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་བཅས་བགྲོ་གླེང་ནང་མཉམ་ཞུགས་གནང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།