Gu ཡི་གནད་དོན་གླེང་སའི་དྲ་གནས་བཀག་འདུག

རྒྱ་ནག་གཞུང་གིས། Gu Kailai ལ་དབྱིན་ཇིའི་ཚོང་པ་ཞིག་བསད་པའི་ཁྲིམས་བཤེར་བྱ་རྒྱུའི་གནས་ཚུལ་སྤེལ་བའི་རྗེས། འདི་རིང་རེས་གཟའ་པ་སངས་ཉིན་རྒྱ་ནག་གི་དྲ་གནས་ཤིག་ཐོག་Gu ཡི་གནད་དོན་གླེང་གཞི་གཙོ་བོར་གྱུར་ཏེ་དོ་སྣང་ཅན་ཚོའི་བསམ་ཚུལ་དྲ་གནས་དེའི་ཐོག་བཀོད་སྤེལ་བྱེད་ཐབས་བྱས་ཀྱང་དྲ་གནས་དེ་བཀག་འགོག་བྱས་ཡོད་པ་རེད།

2012.07.27

༄༅།    །རྒྱ་ནག་གཞུང་འབྲེལ་ཤིང་ཧྰ་གསར་ཁང་གིས། རྒྱ་ནག་གི་གྲུང་ཅིང་གྲོང་ཁྱེར་སྤྱི་ཁྱབ་པ་Bo Xilai ཡི་བཟའ་ཟླ་Gu Kailai ལ་དབྱིན་ཇིའི་ཚོང་པ་ཞིག་ལ་དུག་བསྟེར་ཏེ་བསད་པའི་ནག་ཉེས་བཙུགས་པའི་སྐོར་བཀོད་སྤེལ་བྱས་པར་བརྟེན་ནས། འདི་རིང་རེས་གཟའ་པ་སངས་སྔ་དྲོ་རྒྱ་ནག་ནང་གི་ཆེས་དར་སོ་ཆེ་བའི་དྲ་གནས་Sina Weibo ཞེས་པའི་ཐོག་Gu ཡི་གནས་ཚུལ་དེ་རྒྱ་ནག་ནང་གི་གླེང་སློང་བྱ་ཡུལ་གྱི་གནད་དོན་གཙོ་བོ་ཨང་གསུམ་པར་གྱུར་ཡོད་ཅིང༌། འོན་ཀྱང་དོ་སྣང་ཅན་གྱི་མི་མང་གིས། Sinna Weibo དྲ་གནས་ཐོག་Gu ཡི་འགྱོད་དོན་དང་འབྲེལ་བའི་བསམ་ཚུལ་བཀོད་སྤེལ་བྱེད་ཐབས་བྱེད་པའི་སྐབས། དྲ་གནས་དེའི་ཐོག་ནས། སྐབས་དོན་ཁྲིམས་ལུགས་དང་སྲིད་ཇུས་ལ་བརྟེན་པའི་དྲ་གནས་སྒོ་ཕྱེ་མ་ཐུབ་པར་བཟོད་སྲན་གནང་རོགས་ཞེས་པའི་ཡི་གེ་ཐོན་ཡོང་བ་མ་ཟད། དྲ་གནས་དེའི་ཐོག་Gu Kailai ཡི་མིང་ཚིག་ཡིག་འབྲུ་གསུམ་པོ་དེ་ཡང་འཚོལ་མ་ཐུབ་པར་བཟོས་ཏེ། ཁོང་གི་མིང་ཙམ་ཡང་དྲ་གནས་དེའི་ཐོག་ནས་མཐོང་རྒྱུ་མེད་པ་བཀག་འགོག་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་བཙན་ཤེད་ཀྱིས་བོད་མི་རྣམས་ས་གནས་གཞན་དུ་གནས་སྤོར་བྱེད་དུ་འཇུག་བཞིན་པ་ཐེར་འདོན་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎