རྒྱ་ནག་གི་དྲྭ་རྒྱའི་སོ་ཉུལ་བའི་ཁྱབ་ཚད་ཚོད་དཔག་བྱས་བ་ལས་ཀྱང་མང་བ་ཡོད་པ་ནེ་རྡར་ལན་ཌིའི་གསང་བའི་ལས་ཁུངས་ཀྱིས་ཐེར་འདོན་གནང་འདུག

2024.06.12
རྒྱ་ནག་གི་དྲྭ་རྒྱའི་སོ་ཉུལ་བའི་ཁྱབ་ཚད་ཚོད་དཔག་བྱས་བ་ལས་ཀྱང་མང་བ་ཡོད་པ་ནེ་རྡར་ལན་ཌིའི་གསང་བའི་ལས་ཁུངས་ཀྱིས་ཐེར་འདོན་གནང་འདུག རྒྱ་ནག་གིས་དྲྭ་རྒྱར་སིམ་འཛུལ་དང་སོ་ཉུལ་བྱེད་བཞིན་པའི་མཚོན་དོན་པར་རིས།
སྒྲིག་བཟོ། /Reuters

རྒྱ་ནག་གིས་དྲྭ་ལམ་བརྒྱུད་སིམ་འཛུལ་སོ་ཉུལ་བྱེད་བཞིན་པའི་གནས་སྟངས་ཚོད་དཔག་དོགས་ཟོན་བྱས་བ་ལས་ཀྱང་རྒྱ་ཆེ་བ་ཡོད་པ་ནེ་རྡར་ལན་ཌིའི་གསང་བའི་ལས་ཁུངས་ཀྱིས་བསྒྲགས་འདུག
དེ་ཡང་ནེ་རྡར་ལན་ཌིའི་(Netherlands)་དམག་དོན་གསང་བའི་ལས་ཁུངས་གིས་འདི་ཚེས་༡༠རེས་གཟའ་ཟླ་བར་བསྒྲགས་པའི་གནས་ཚུལ་ལྟར་ན། དྲྭ་ལམ་བརྒྱུད་སིམ་འཛུལ་བྱས་ནས་དྲྭ་རྒྱའི་ཐོག་གནོད་འཚེ་གཏོང་མཁན་དང་། དྲྭ་རྒྱའི་ཐོག་གི་གནས་ཚུལ་རྐུ་འཁྱེར་བྱེད་མཁན་རྒྱ་ནག་གི་དྲྭ་རྒྱའི་སོ་མྱུལ་བའི་ཁྱབ་ཚད་ཁོང་ཚོས་ཐོག་མར་ཚོད་དཔག་བྱས་པ་ལས་མང་བ་ཡོད་པ་དང་། རྒྱ་ནག་གི་དྲྭ་རྒྱའི་སོ་ཉུལ་བས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་དང་སྲུང་སྐྱོབ་ཁེ་ལས་ཁང་ཁག་དམིགས་འབེན་དུ་བཟུང་ནས་བྱ་སྤྱོད་སྤེལ་བཞིན་ཡོད་པ་ནེ་རྡར་ལན་ཌིའི་གསང་བའི་ལས་ཁུངས་ཀྱིས་བསྒྲགས་འདུག
ད་དུང་ཁོང་ཚོས་། རྒྱ་ནག་གཞུང་གིས་རྒྱབ་སྐྱོར་བྱས་པའི་དྲྭ་རྒྱའི་ཐོག་ཧམ་འཛུལ་བྱེད་མཁན་གྱི་རྒྱ་ནག་གི་སོ་ཉུལ་ཤོག་ཁག་ཅིག་གིས་(Netherland)་རྒྱལ་སྲུང་ལྷན་ཁང་གི་དྲ་རྒྱའི་ནང་༢༠༢༣ལོར་སིམ་འཛུལ་བྱས་པའི་རྗེས་སུ། ཟླ་བ་ཁ་ཤས་ནང་འཛམ་གླིང་ཁྱོན་ཡོངས་ནས་ཉུང་མཐར་ཡང་མི་ཁྲི་གཉིས་ལྷག་གི་དྲྭ་རྒྱར་གནོད་སྐྱོན་བཟོས་ཡོད་པ་དང་། དེ་ལས་མང་བ་ཕལ་ཆེར་ཡོད་སྲིད་པའི་སྐོར་གསུངས་འདུག
རོའུ་ཀྲར་གསར་འགྱུར་ལས་ཁང་གིས། (Nerthland)་ཡི་རྒྱལ་སར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་ལ་དོན་རྐྱེན་དེའི་སྐོར་འདྲི་རྩད་བྱས་ཀྱང་ད་ལྟའི་ཆར་ལན་འདེབས་གང་ཡང་བྱས་མེད་པ་དང་། རྒྱ་ནག་གཞུང་གིས་རྒྱུན་དུ་རྒྱ་ནག་གི་ཕྱོགས་ནས་དྲྭ་རྒྱའི་ཐོག་གནོད་འཚེ་གཏོང་བ་དང་གནས་ཚུལ་རྐུ་འཁྱེར་བྱེད་པའི་ཉེས་འཛུགས་ལ་ཁས་ལེན་བྱེད་ཀྱི་མེད་པ་མ་ཟད་། ད་དུང་དྲྭ་རྒྱའི་ཐོག་གནོད་འཚེ་གཏོང་མཁན་ཚང་མར་ངོ་རྒོལ་བྱེད་ཀྱི་ཡོད་ཚུལ་བཤད་བཞིན་པ་རེད།


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྲིད་སྐྱོང་མཆོག་གིས་བོད་དང་ས་འབྲེལ་ལ་དྭགས་བྱང་ཐང་རྒོད་ཡུལ་སོགས་སུ་འཚམས་གཟིགས་གནང་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་བརྩམས་པའི་བདེན་དོན་གླེང་བའི་གཏམ་ཟེར་བའི་དེབ་ཅིག་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ནས་དབུ་འབྱེད་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎