དབྱིན་ཡུལ་དོན་གཅོད་གསར་བ་ཆོས་འཕེལ་ཚེ་རིང་།

2014-08-29
གློག་འཕྲིན།
མཆན།
Share
པར་བཀོད།
དབྱིན་ཡུལ་དོན་གཅོད་གསར་བ་ཆོས་འཕེལ་ཚེ་རིང་།
དབྱིན་ཡུལ་དོན་གཅོད་གསར་བ་ཆོས་འཕེལ་ཚེ་རིང་།
དབྱིན་ཡུལ་དོན་གཅོད།

དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ཀྱི་ཚབ་ལ་ཆོས་འཕེལ་ཚེ་རིང་ལགས་བསྐོ་བཞག་གནང་ཡོད་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ལགས་ཀྱི་ཚབ་གསར་དོན་གཅོད་ཁང་གི་ལས་བྱེད་བགྲེས་པ་ཆོས་འཕེལ་ཚེ་རིང་ལགས་བསྐོ་བཞག་གནང་ཡོད་པ་དང་། ཁོང་གིས་ཕྱི་ཟླ་དགུ་པའི་ཚེས་གཅིག་ནས་ལས་ཁུར་འགོ་འཛུགས་གནང་གི་ཡོད་འདུག
ཆོས་འཕེལ་ཚེ་རིང་ལགས་རྒྱ་གར་ནང་ཕྱི་ལོ་༡༩༧༢ལོར་འཁྲུངས་པ་དང་། ཕྱི་ལོ་༡༩༨༢ལོར་རྡ་ས་བོད་ཕྲུག་ཁྱིམ་སྡེ་ནས་སློབ་ཕྲུག་བརྒྱད་ཨིན་ཡུལ་ནང་ པེསེཊོ་ལོ་ཛི་Pestalozzi Villageཞེས་བྱིས་པའི་སློབ་གྲར་བཏང་བའི་གྲས་ཤིག་ཡིན་འདུག ཕྱི་ལོ་༡༩༩༦ལོར་སྤྱི་དམངས་འཛུགས་སྐྲུན་འཆར་འགོད་ཕྱག་ཁྱེར་བཞེས་རྗེས་ཕྱི་ལོ་༢༠༠༨ནས་༢༠༡༣བར་དྷ་རམ་ས་ལར་ཕྱི་འབྲེལ་ལས་ཁུངས་ཀྱི་གསར་འགོད་འབྲེལ་མཐུད་པའི་ལས་འགན་གནང་འདུག ཕྱི་ལོ་༢༠༡༤ནས་བཟུང་ ད་བར་ཨིན་ཡུལ་དོན་གཅོད་ཁང་གི་དམིགས་བསལ་ལས་འཆར་འབྲེལ་མཐུད་པའི་ལས་འགན་གནང་ཡོད་འདུག དེའི་དབར་ལ་ ཕྱི་ལོ་༢༠༠༥ནས་༢༠༠༨བར་ རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་པ་དང་། དེའི་གོང་ལ་ཕྱི་ལོ་༡༩༩༧ནས་༡༩༩༩བར་ བོད་གནས་འབྲེལ་མཐུད་ཁང་དུ་ཕྱག་ལས་གནང་འདུག ཡང་ཕྱི་ལོ་༡༩༩༩ནས་༢༠༠༤ལོར་དབྱིན་ཡུལ་བོད་མིའི་སྤྱི་ཚོགས་ཀྱི་དྲུང་ཆེའི་ཕྱག་ལས་ཀྱང་གནང་འདུག

གསར་འགོད་པ་ཀརྨ་རྒྱ་མཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།