༧གོང་ས་མཆོག་གིས་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་གཞོན་སྐྱེས་འགོ་ཁྲིད་ཁག་ཅིག་དང་ལྷན་བགྲོ་གླེང་མཛད་འདུག

2024.03.20
༧གོང་ས་མཆོག་གིས་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་གཞོན་སྐྱེས་འགོ་ཁྲིད་ཁག་ཅིག་དང་ལྷན་བགྲོ་གླེང་མཛད་འདུག ༧གོང་ས་མཆོག་གིས་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་གཞོན་སྐྱེས་འགོ་ཁྲིད་ཁག་ཅིག་དང་ལྷན་བགྲོ་གླེང་མཛད་སྐབས། ༠༣།༢༠།༢༠༢༤
OHHDL

ཕྱི་ཚེས་༢༠་ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེའི་(Dalai Lama Fellows)་ལས་གཞིའི་རྣམ་གྲངས་ནང་ཆ་ཤས་ལེན་མཁན་འཛམ་གླིང་ས་ཕྱོགས་གང་ས་ནས་ཡོང་བའི་གཞོན་སྐྱེས་མི་གྲངས་༡༤་དང་། དེ་མིན་གྱི་མགྲོན་འབོད་བྱས་པའི་མི་སྣ་སྐོར་ཞིག་ལ་མཇལ་ཁ་སྩལ་བ་དང་མཉམ། བྱམས་སྙིང་རྗེའི་སྤྱོད་པ་ལ་འཇུག་པ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་པ་རེད།
བགྲོ་གླེང་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག ཨ་རིའི་མངའ་སྡེ་(Colarado)་གཙུག་ལག་སློབ་ཆེན་གྱི་མཐོ་རིམ་མི་སྣ་(Philipa P Distefano)་ལགས་ཀྱིས་དབུ་འབྱེད་གནང་ཡོད་པ་རེད།

2024-03-20-Dharamsala-N01_DSC6811.jpg
མདོ་འཛིན་པ་(Sona Dimidjian)་ལགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་དེ་བཞིན་ཁོ་མོའི་སེམས་ཁམས་རིག་པ་དང་ཀླད་ཁམས་ཚན་རིག་དང་། ཁོ་མོའི་ཁྱིམ་ཚང་གི་ལམ་སྟོན་ཞིག་ཏུ་གྱུར་ཡོད་པ་འགྲེལ་བརྗོད་བྱས་པ་དང་མཚུངས་སུ་ངེད་ཅག་གིས་༧གོང་ས་མཆོག་གི་བཀའ་སློབ་ཡང་བསྐྱར་ཞུ་འདོད་བྱུང་། གཞོན་སྐྱེས་ཚོས་ཕྱིའི་འཛམ་གླིང་འདིར་ལྟ་སྐབས་འགྲན་རྩོད་དང་དཀའ་རྙོག དམག་འཁྲུག་དང་སྡུག་བསྔལ་ཡིན། ཡང་ཁོང་ཚོས་ནང་སེམས་ལ་ལྟ་དུས་ན་ཟུག་དང་། སྐྱོ་གདུང་། རེ་བ་བྲལ་བ་ཞིག་མཐོང་གི་ཡོད་པའི་གནས་སྐབས་འདི་འདྲ་ཤིག་ལ། ལས་གཞི་འདི་ཕྱི་ལོ་༢༠༠༤་ལོར་དབུ་འཛུགས་གནང་བ་དང་རིམ་གྱིས་རྒྱལ་ཁབ་༥༠་ནས་དབུ་ཁྲིད་ལས་གཞིའི་ནང་མཉམ་ཞུགས་གནང་མཁན་མི་གྲངས་༢༠༠་ལྷག་བྱུང་ཡོད་པ་ཁོང་རྣམས་ཀྱིས་ཁྱེད་ཀྱི་བཀའ་སློབ་དེ་བཞིན་ལག་ལེན་ནང་ཉམས་སུ་བླངས་ཏེ་ནང་དང་ཕྱི་གཉིས་ཀར་དམིགས་སྒོར་བཟུང་ནས་འཛམ་གླིང་འདི་བཞིན་བྱམས་སྙིང་རྗེ་ལྡན་པ་ཞིག་ལ་བསྒྱུར་རྒྱུའི་རེ་བའི་ཀུན་ནས་བསླངས་ཡོད་ཅེས་དང་། རྩ་བའི་ཆ་ནས་ང་ཚོ་ཚང་མ་ཨ་མ་ཞིག་ལས་སྐྱེས་པ་དང་ཨ་མའི་བྱམས་བརྩེའི་ཐོབ་ཡོད་པ་ལྟར་། སེམས་ཅན་སྲོག་ཆགས་གི་རིགས་གཞན་གྱིས་ཀྱང་འདི་འདྲ་བྱེད་པ་ང་ཚོས་མཐོང་ཡོང་བ་དེ་རང་བཞིན་ཞིག་ཆགས་ཀྱི་ཡོད་པས། སྤྱིར་བཏང་གི་ཉམས་མྱོང་འདིའི་ཐོག་ནས་ང་ཚོ་ཚང་མ་རྩ་བའི་ཆ་ནས་གཅིག་པ་ཡིན་པ་དེ་བསྟན་ཡོད་ལ། ཨ་མའི་བྱམས་བརྩེའི་འོག་ནས་ང་ཚོ་འཚོ་གནས་བྱེད་ཀྱི་ཡོད་ན། འདི་ནི་ཡིད་ལ་འཛིན་རྒྱུའི་དོན་དག་གལ་ཆེན་ཞིག་ཡིན་ཞེས་དང་། དེ་བཞིན་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མུ་མཐུད་དུ་བཀའ་བསྩལ་དོན་ལ། ང་ཚོ་ན་ཚོད་གཞོན་དུས་སུ་ཨ་མའི་བརྩེ་སེམས་ང་ཚོའི་སེམས་ལ་གསལ་ལྷིང་ངེར་ཡོད། ཡིན་ཡང་ནར་སོན་པ་དང་སློབ་གྲྭར་བསྐྱོད་པ་དང་རིམ་གྱིས་ཉམས་འགོ་ཚུགས་ཀྱི་ཡོད་། གལ་ཏེ་ང་ཚོ་མ་ཤི་བར་དུ་་ཨ་མའི་བྱམས་བརྩེར་རྗེས་སུ་ཡི་རང་གི་བསམ་བློ་ཡོད་ན། གང་འདྲའི་ཡག་པོ་ཡོད་དམ། དོན་འདི་ཉིད་དོན་ཐོག་ཏུ་སྨིན་པར་བྱེད་པ་ལ་བྱམས་དང་སྙིང་རྗེ་རྒྱུད་ལ་སྐྱེས་པར་འབད་པ་བྱ་དགོས་ཞེས་དང་། ཡང་གོང་ས་མཆོག་གིས། ངོས་རང་ས་ཕྱོགས་གང་དུ་ཕྱིན་ཡང་སུ་ཞིག་ལ་ཐུག་རུང་འཛུམ་དང་སྤྲོ་སེམས་ཀྱིས་འཚམས་འདྲི་གནང་འབྲས་སུ་མི་ཚང་མ་ངོས་ཀྱི་གྲོགས་པོ་ཆགས་ཀྱི་ཡོད། གནད་འགག་ནི་ཕ་རོལ་བར་སེམས་པ་བཟང་པོ་བྱ་རྒྱུ་དེ་ཡིན་ལ་སེམས་པ་བཟང་བོ་ནི་ང་ཚོའི་ཆ་ཤས་ཀྱི་རང་བཞིན་ཞིག་ཡིན་པ་ངོས་ནས་ཡིད་ཆེས་གནང་གི་ཡོད་ཅེས་བཀའ་བསྩལ་གནང་མཛད་འདུག

2024-03-20-Dharamsala-N04_NZ99035.jpg
༧གོང་ས་མཆོག་གི་(Dalai Lama Fellows)་ལས་གཞི་འདི་བཞིན་དུས་ཡུན་ལོ་གཅིག་རིང་གི་སྣེ་ཁྲིད་ལས་གཞིའི་རྣམ་གྲངས་ཤིག་སྟེ། ལས་གཞིའི་འདིའི་ནང་ཆ་ཤས་ལེན་མཁན་གྱི་གཞོན་སྐྱེས་ཚོའི་ངོས་ནས་སོ་སོའི་གནས་ཡུལ་གྱི་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་རྒྱུར་ན་གཞོན་དབུ་ཁྲིད་ཀྱི་ནུས་པ་འདོན་པར་དམིགས་པའི་ལས་གཞི་ཤིག་ཡིན་པ་རེད།


གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་མཆོག་འདི་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཀར་ཎ་ཀྲ་ཀ་མངའ་སྡེའི་རྫོང་ཁག་གི་བློན་ཆེན་ལ་རྒྱ་གར་དབུས་སའི་གཞུང་ནས་བོད་མིར་རྒྱབ་སྐྱོར་མཐུན་གྲོགས་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎