ཚེས༢༦ཉིན་གྱི་མཛད་འཕྲིན་དང་གསར་ལམ་ཁག་གིས་བཅར་འདྲི།

2014-02-27
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གྲགས་ཅན་Larry Kingབརྙན་འཕྲིན་བཅར་འདྲིའི་ལེ་རིམ་ལ་ཕེབས་པ། ༢༠༡༤།༢།༢༦
༧གོང་ས་མཆོག་གྲགས་ཅན་Larry Kingབརྙན་འཕྲིན་བཅར་འདྲིའི་ལེ་རིམ་ལ་ཕེབས་པ། ༢༠༡༤།༢།༢༦
པར། སྐུ་སྒེར་དྲ་བ།

༧གོང་ས་མཆོག་གིས་ཚེས་༢༦ཉིན་མཛད་འཕྲིན་ཆེ་ཁག་གཉིས་བསྐྱངས་ཐོག་གསར་ལམ་ཆེ་ཁག་འདྲ་མིན་གྱི་བཅར་འདྲིར་བཀའ་ལན་གནང་འདུག
དེ་ཡང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཁཱ་ལེ་ཕོར་ནི་ཡ་མངའ་སྡེའི་ཁུལ་དུ་མཛད་འཕྲིན་བསྐྱངས་བཞིན་པ་ལྟར་། ཕྱི་ཚེས་༢༦ཉིན་ཁུལ་དེའི་གྲོང་ཁྱེར་ལོའོ་སེ་ཨན་ཇུ་ལ་ཞབས་སོར་འཁོད་གནང་མཛད་དེ་སྔ་དྲོ་ཚོང་པའི་མཐུན་ཚོགས་ཁག་གི་ཚོགས་ཆེན་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་གནང་བ་དང་། ཚོང་ལས་མཐུན་ཚོགས་དེའི་ཚོགས་མི་སུམ་བརྒྱ་ལྷག་ཚོགས་ཞུགས་གནང་བ་ཚོར་ཚོང་ལས་དང་བཟང་སྤྱོད་སྐོར་བཀའ་སློབ་སྩལ་ཡོད། དེའི་རྗེས་The Lourdesཐེབས་རྩ་ཚོགས་པས་གོ་སྒྲིག་གནང་བའི་དུས་རབས་ཉེར་གཅིག་པའི་འགོ་ཁྲིད་ནས་ཚུལ་ལྡན་ངང་ལས་འགུལ་སྤེལ་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་ཚོགས་ཞུགས་མི་སྣ་ཚོས་དྲི་བ་ཕུལ་བར་བཀའ་ལན་གནང་ཡོད་པ་དང་། སྐབས་དེར་ཨ་རིའི་ནང་སྙན་གྲགས་ཆེ་བའི་གློག་བརྙན་བཟོ་བསྐྲུན་པ་དང་། འཁྲབ་སྟོན་པ་སོགས་མི་སྣ་མང་པོ་ཞིག་མཉམ་བཞུགས་གནང་ཡོད་པ་རེད།  ད་དུང་ཉིན་དེར་མཛད་བྲེལ་ཆེ་མིན་ལ་མ་བལྟོས་བར་Wall street Journal ཚགས་ཤོག་དང་། གྲགས་ཅན་Larry Kingབརྙན་འཕྲིན་བཅར་འདྲིའི་ལེ་རིམ།  Nbcགསར་འགྱུར་ཁང་། Huffington postཞེས་པའི་གསར་འགྱུར་བརྒྱུད་ལམ་སོགས་ཀྱི་དྲི་བར་བཀའ་ལན་གནང་ཡོད་པ་དང་།
ཕྱི་ཚེས་༢༧ཉིན་༧གོང་ས་མཆོག་ནས་གྲོང་ཁྱེར་ལོའི་སེ་ཨན་ཇུ་ལ་སེ་ནང་གི་མཛད་འཕྲིན་ཁག་འགྲུབ་རྗེས་ཕྱི་ཚེས་༢༨ཉིན་ཁུལ་དེ་ནས་ཆིབས་ཞལ་བསྒྱུར་གནང་མཛད་ཏེ་ཨ་རིའི་མངའ་སྡེ་མའེ་ནེ་སོ་ཌར་རུ་༧ཞབས་སོར་འཁོད་གནང་མཛད་ཀྱི་ཡོད་འདུག
གསར་འགོད་པ་འཆི་མེད།

མཆན། (0)
Share
དྲ་གནས་ཆ་ཚང༌།