༧གོང་ས་མཆོག་ལ་དྭགས་ལ་ཞབས་སོར་བདེ་བར་འཁོད་པ།


2016.07.25
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་དྭགས་ཁུལ་དུ་ཞབས་སོར་བདེ་བར་འཁོད་སྐབས། ༢༠༡༦།༧།༢༥ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་དྭགས་ཁུལ་དུ་ཞབས་སོར་བདེ་བར་འཁོད་སྐབས། ༢༠༡༦།༧།༢༥
Tenzin Choejor/OHHDL

དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག ཕྱི་ཟླ་བདུན་པའི་ཚེས་༢༥་ཉིན། བཞུགས་སྒར་རྡ་རམ་ས་ལ་ནས་ཆིབས་ཞལ་བསྒྱུར་གནང་ཏེ་ཉིན་གུང་ལ་དྭགས་སུ་ཞབས་སོར་བདེ་བར་འཁོད་གནང་ཡོད་འདུག
ད་ཐེངས་ལ་དྭགས་ཁུལ་རྟེན་གཞི་བྱེད་པའི་ཐིག་སེ་དགོན་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཕྱི་ཟླ་བརྒྱད་པའི་ཚེས་བཅུ་གཉིས་དང་བཅུ་སུམ་ཉིན་གཉིས་རིང་། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་འབྲེལ་གནང་རྒྱུ་ཡིན་འདུག དེ་ཡང་ཕྱི་ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པས་བྱང་ཆུབ་ལམ་སྒྲོན་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་བཀའ་འཁྲིད་གནང་རྒྱུ་ཡིན་པ་དང་། དེ་ནས་ཚེས་༡༣་ཉིན་དགོན་པས་༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་འདེགས་འབུལ་ཞུ་རྒྱུ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ལ་ཚེ་དབང་སྩལ་གནང་རྒྱུ་ཡིན་འདུག
དེ་ནས་ཕྱི་ཟླ་བརྒྱད་པའི་ཚེས་བཅུ་དགུ་ནས་ཚེས་ཉི་ཤུ་གཅིག་བར་ཉིན་གྲངས་གསུམ་རིང་། བོད་མིའི་གཞིས་ཆགས་ཀྱི་ཞི་བའི་ཚལ་ཐང་ཆེན་དུ་དད་ལྡན་བོད་མི་དང་ལ་དྭགས་བ་། དེ་བཞིན་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཚོར་མཁན་ཆེན་ཞི་བ་ལྷས་མཛད་པའི་སྤྱོད་མཇུག་དང་། སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་གནང་རྒྱུ་བཅས་༧སྤྱི་ནོར་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཕྱོགས་འཇའ་མུ་ཀ་ཤི་མིར་མངའ་སྡེའི་ལ་དྭགས་ཁུལ་ཟླ་བ་གཅིག་མིན་ཙམ་བཞུགས་ཞག་གིས་ཕྱི་ཟླ་བརྒྱད་པའི་ཚེས་ཉི་ཤུ་གཉིས་ཉིན་བཞུགས་སྒར་རུ་ཕྱིར་ཕེབས་མཛད་རྒྱུའི་མཛད་འཆར་ཡོད་འདུག      

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷོསི་ཊོན་གཟའ་མཇུག་བོད་ཡིག་སློབ་གྲྭ
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་བདམས་ཐོན་སྲིད་འཛིན་མཆོག་གིས་གྲོས་ཚོགས་འཐུས་མི་ཟུར་པ་(David Perdue)་ལགས་རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་མིང་འདོན་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎