༧གོང་ས་མཆོག་ནས་དགེ་སློབ་མི་མང་ལ་བཀའ་སློབ།

འདི་རིང་ཚེས་ ༢༧ ཉིན། སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སླེའི་ལམ་སྒྲོན་སློབ་གྲྭའི་ཚན་རིག་ཚན་པའི་སློབ་ཁྲིད་ཐོག་ཁང་དབུ་འབྱེད་དང་། ས་གནས་ཁ་ཆེའི་ལྷ་ཁང་དུ་ཆིབས་བསྒྱུར་བསྐྱངས་ཏེ། ཤེས་ཡོན་དང་ཆོས་ལུགས་མཐུན་འབྲེལ་སྐོར་བཀའ་སློབ་བསྩལ་གནང་ཡོད་པ་རེད།

2012.07.27

༄༅།    །༧གོང་ས་མཆོག་ནས་ཕྱི་ཚེས་༢༦ ཉིན་རྒྱབ་ལ་དྭགས་རྒྱལ་ས་སླེ་ནང་དུ་ཡོད་པའི་འཇམ་དབྱངས་སློབ་གྲྭར་གཟིགས་ཞིབ་ཏུ་ཆིབས་བསྒྱུར་བསྐྱངས་ཏེ། སློབ་ཕྲུག་དང་མི་མང་༥༠༠ ལྷག་ལ་ལམ་སྟོན་བཀའ་སློབ་བསྕལ་གནང་།    །སྐབས་དེར་༧གོང་ས་མཆོག་ནས།    སློབ་གྲྭ་དེའི་ཕྱི་ནང་གཉིས་ཀའི་ཆ་རྐྱེན་སྔར་ལས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་ལྟར། དགེ་རྒན་དང་སློབ་དེབ་ཁོ་ནར་བརྟེན་ནས་མ་བསྡད་པར་རང་རང་སོ་སོའི་ཐོག་ནས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས་པས་མ་ཟད།  སློབ་མ་ཚོའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་འཕེལ་ཡོང་བར་གནད་འགག་ཡིན་པོ་ཡིན་པ་དང།    རྒྱུ་མཚན་རྣམས་ཡང་ནས་ཡང་དུ་དཔྱད་པ་བྱ་རྒྱུ་དེ་ནི། ཤེས་རབ་ཀྱི་རྒྱུན་མཐར་ཐུགས་རྗེ་བཙུན་འཇམ་དཔལ་དབྱངས་ལྟ་བུར་འགྱུར་རྒྱུའི་འགྲོ་ལམ་དེ་ཡིན་ཞིང༌། སློབ་སྦྱོང་ནི་གལ་ཆེན་པོ་ཡིན་པ་ཤེས་པ་ཙམ་མ་ཡིན་པར། དགེ་རྒན་གྱིས་སློབ་ཁྲིད་བྱས་པ་རྣམས་དོན་ལ་བསམ་བློ་བཏང་སྟེ་དཔྱད་པ་བྱས་ཏེ། དཔྱད་པ་དང་དོན་ཀྱི་ངེས་པ་རྙེད་པ་ཞིག་ཡོང་རྒྱུ་གལ་ཆེན་པོ་རེད། ཅེས་བཀའ་གནང་འདུག
༧གོང་ས་མཆོག་ནས་ད་དུང།    དེ་སྔ་ཧི་མ་ལ་ཡའི་ཁུལ་ནས་བོད་དུ་སློབ་གཉེར་བྱེད་དུ་ཡོང་རྒྱུའི་ལམ་སྲོལ་ཡོད་ལ། བར་སྐབས་ཤར་མོན་ནས་ནུབ་ལ་དྭགས་བར་དུ་རིས་སུ་མ་ཆད་པའི་ཆོས་སྒར་ཁག་ལ་སློབ་འཇུག་ལ་ཞུགས་ཏེ། དགེ་རྒན་སྟོང་ཕྲག་ལྔ་དྲུག་བྱུང་ཡོད། ཁོང་ཚོས་སློབ་སྦྱོང་གཏིང་ཟབ་བྱས་པར་བརྟེན་ནས། སྒེར་སོ་སོ་དང་སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་ཕན་པ་ཙམ་དུ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་ལའང་ཕན་ཐོགས་བསྐྲུན་ཡོད་པ་རེད། ཧི་མ་ལ་ཡའི་ཆོས་དང་རིག་གཞུང་བོད་ནས་མཆེད་པ་ཞིག་ཡིན་སྟབས། ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་། མི་ཉམས་རྒྱུན་འཛིན་ཡོང་རྒྱུར་ཧི་མ་ལ་ཡའི་ཁུལ་ནས་བཙན་བྱོལ་བའི་ཆོས་སྒར་ཁག་ནང་སློབ་གཉེར་གནང་མཁན་ཚོས་ཞབས་འདེགས་ཞུས་ཡོད་པ་དང༌། ད་དུང་ཡང་ཕྲུ་གུ་བཤད་གྲྭ་སྤུས་དག་ཡོད་མཁན་ཚོ་བཙན་བྱོལ་གྱི་ཆོས་སྒར་ཁག་ནང་སློབ་གཉེར་དུ་འཛུལ་ཞུགས་བྱ་རྒྱུར་གོ་སྐབས་གནང་རྒྱུ་ཡིན་ཞེས་བཀའ་བསྕལ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎