༸རྒྱལ་བ་ཀརྨ་པ་དབུ་ཞུགས་ཐོག་ནས་རྗེས་དྲན་མཆོད་འབུལ།

༸ཀརྨ་པ་དབུ་ཞུགས་ཀྱིས་ཉེ་ཆར་རྒྱ་ནག་གཞུང་གིས་སྲོག་ཐོག་བཏང་བའི་བོད་མི་ཚོའི་རྗེས་དྲན་མཆོད་འབུལ་ཞིག་ཚུགས་གནང་འདུག
2009-10-31
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་ཨུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དབུ་ཞུགས་ཀྱིས་ཉེ་ཆར་རྒྱ་ནག་གཞུང་གིས་སྲོག་ཐོག་བཏང་བའི་བོད་མི་ཚོའི་རྗེས་དྲན་མཆོད་འབུལ་ཞིག་རྡ་ས་རྒྱུད་སྟོད་གྲྭ་ཚང་དུ་ཚུགས་གནང་འདུག

མཆོད་འབུལ་གསོལ་འདེབས་ཉིན་གྲངས་གསུམ་རིང་གནང་རྒྱུ་ཡིན་འདུག་པ་དང་དེ་ཡང་རྡ་རམ་ས་ལར་ཡོད་པའི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་གོ་སྒྲིག་གནང་པ་ཞིག་ཡིན་པ་བཙན་བྱོལ་བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག

བཙན་བྱོལ་བོད་གཞུང་ལ་གནས་ཚུལ་འབྱོར་བར་གཞིགས་ན་ལོ་ན་ཉི་ཤུ་རྩ་བདུན་སྐྱེས་ཡུལ་ལྷ་ས་ཡིན་པ་བློ་བཟང་རྒྱལ་མཚན་ལགས་དང་ཞོལ་བཀྲིས་ཁང་ནས་ཡིན་པ་བློ་ཡག་ལགས་ལོ་ཉི་ཤུ་རྩ་ལྔ་སྐྱེས་ཡུལ་ལ་སོགས་པ་གནས་ཚུལ་གསལ་ཁ་མེད་པ་ལོ་ན་ཉི་ཤུ་རྩ་གཅིག་ཡིན་པ་བེུད་པད་སྐྱིད་ལགས་བཅས་སྔ་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་སྤེལ་བའི་ངོ་རྒོལ་གྱི་ལས་འགུལ་ནང་དྲག་ལས་སྤེལ་བའི་ནག་ཉེས་འོག་སྲོག་ཐོག་བཏང་ཡོད་པ་རེད།

བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚུགས་པའི་རྗེས་དྲན་མཆོད་འབུལ་དེའི་ཐོག་རྣམ་གྲྭ་དགེ་འདུན་པ་རྣམས་དང་ཀརྟི་དགོན་པའི་དགེ་འདུན་པ་རྒྱུད་སྟོད་དང་ཚེ་མཆོག་གླིང་གི་དགེ་འདུན་པ་དེ་བཞིན་བཙུན་དགོན་སྒྲོལ་མ་གླིང་དང་དཀའ་ལྡན་ཆོས་གླིང་གི་བཙུན་མ་རྣམས་ཀྱང་མཉམ་ཞུགས་གནང་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།