འབར་མར་དཔལ་འབྱོར་བཀག་སྡོམ་མེད་པ་བཟོ་རྒྱུར་མོས་མཐུན།
2012.01.23
༄༅༎ཡུ་རོབ་མཉམ་སྦྲེལ་ལྷན་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་རྣམ་པ་ཚོའི་དབར་ འབར་མའི་ནང་གི་བཅོས་སྒྱུར་ལ་སྐུལ་མ་ཐེབས་རྒྱུར་ཡུལ་དེའི་ཐོག་ད་བར་དཔལ་འབྱོར་གྱི་དམ་བསྒྲགས་བཀག་བསྡོམས་ཀྱི་ཉེས་ཆད་དེ་ཚོ་རིམ་པས་མེད་པ་བཟོས་གནང་རྒྱུར་མོས་མཐུན་བྱུང་གནང་བཞག།
དེ་རིང་གྲོང་ཁྱེར་སྦར་སེལ་སི་ནང། ཡུ་རོབ་མཉམ་སྦྲེལ་ལྷན་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་རྣམ་པའི་ཚོགས་འདུ་ཞིག་གནང་ཡོད་པ་དང༌། མིང་འདོན་གནང་འདོད་མེད་པའི་ཕྱི་འབྲེལ་དཔོན་རིགས་ཤིག་གིས་་ དེ་རིང་ནས་བཟུང་ང་ཚོས་འབར་མའི་ཐོག་ ཕྱིར་བསྐྱོད་ཐོངས་མཆན་གྱི་དམ་བསྒྲཌ་འགའ་ཤས་མེད་པ་བཟོ་རྒྱུ་དང༌། དེ་མིན་དཔལ་འབྱོར་གྱི་དམ་བསྒྲཌ་བཀག་བསྡོམས་ཀྱི་ཉེས་ཆད་ཡོངས་རྫོགས་ཕྱིར་འཐེན་བྱ་རྒྱུ་དེ་འབར་མའི་གཞུང་འཛིན་འགོ་ཁྲིད་ཚོས་བཅོས་སྒྱུར་མུ་མཐུད་བྱ་མིན་ལ་རག་ལུས་ཡོད་པའི་སྐོར་འགྲེལ་བརྗོད་གནང་བཞག།
ཡུ་རོབ་མཉམ་སྦྲེལ་ལྷན་ཚོགས་ཀྱི་ཕྱི་འབྲེལ་སྲིད་བྱུས་འགན་འཛིན་ལྕམ་ཀེ་ཐི་རིན་ཨེཤི་ཀྲོན་ཡིས་ འདས་པའི་བདུན་ཕྲག་དང་ཟླ་བ་འགའ་ཤས་རིང་འབར་མའི་ནང་དམིགས་བསལ་གྱི་འགྱུར་བ་མང་པོ་ཕྱིན་ཡོད་པར་བསྔགས་བརྗོད་གནང་སྟེ། རིང་མིན་ཕྱི་ཟླ་བཞི་པའི་ནང་ཁོང་འབར་མའི་་ཡུལ་ལ་གཞུང་འབྲེལ་གཟིགས་སྐོར་ཆེད་ཕེབས་འཆར་ཡོད་སྐོར་གསུངས་འདུག།