ཕ་རན་སིའི་སྲིད་འཛིན་དང་༸གོང་ས་མཆོག་མཇལ་མོལ་གནང་འཆར།

ཕ་རན་སིའི་སྲིད་འཛིན་དང་༸གོང་ས་མཆོག་གཉིས་མཇལ་མོལ་གནང་འཆར་ཡོད་པ་ཕ་རན་སིའི་ཉིན་རེའི་ཚགས་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
2008-06-27
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎ཕ་རན་སིའི་སྲིད་འཛིན་དང་བོད་མིའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཉིས་མཇལ་མོལ་གནང་འཆར་ཡོད་པ་ཕ་རན་སིའི་ཉིན་རེའི་ཚགས་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

གོང་ཞུས་ཕ་རན་སིའི་ཉིན་རེའི་ཚགས་ཤོག་ལི་པོའིན་ཊི་ཟེར་བའི་ཐོག་གནས་ཚུལ་འཁོད་པར་ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལོ་ཕྱི་ཟླ་བརྒྱད་པའི་ནང་ཕཱ་རན་སིར་ཆིབས་བསྒྱུར་བསྐྱངས་པའི་སྐབས་ཕ་རན་སིའི་སྲིད་འཛིན་ནས་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུའི་འཆར་གཞི་ཡོད་པ་དང༌། ཡིན་ནའང་རྒྱ་ནག་གཞུང་གི་གནོན་ཤུགས་ལ་བརྟེན་ནས་ད་ལྟའི་ཆར་གཞུང་འབྲེལ་ཐོག་ནས་དེའི་སྐོར་གསལ་བསྒྲགས་གནང་མེད་པ་འཁོད་ཡོ་ད་པ་རེད། ཡང་ཚགས་ཤོག་དེའི་ཐོག་གནས་ཚུལ་མུ་མཐུད་བཀོད་པའི་ནང་། ཕཱ་རན་སིའི་སྲིད་འཛིན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་བའི་སྐབས་སྲིད་འཛིན་ལས་ཁུངས་སུ་མཇལ་འཕྲད་གནང་རྒྱུ་མིན་པར་ཕཱ་རན་སིའི་རྒྱལ་ས་པཱེ་རེ་སི་ནང་ཡོད་པའི་ནང་པའི་ཆོས་ཚོགས་ཤིག་ཏུ་༸གོང་ས་མཆོག་ཆོས་ལུགས་ཀྱི་དབུ་འཁྲིད་ཀྱི་མཚན་ཐོག་ནས་མཇལ་འཕྲད་གནང་འཆར་ཡོད་འདུག ཕ་རན་སི་རྒྱལ་ཁབ་ཀྱིས་ད་ལོའི་ཕྱི་ཟླ་བདུན་པའི་ནང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་སྲིད་འཛིན་ཐུགས་འགན་བཞེས་ཀྱི་ཡོད་པ་དང༌། ཕཱ་རན་སི་ནང་ལོག་དང་དེ་བཞིན་རྒྱལ་སྤྱིའི་ཐོག་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཕ་རན་སི་གཞུང་གིས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་སྲིད་འཛིན་ཐུགས་འགན་བཞེས་པའི་རིང་རྒྱ་ནག་གཞུང་གིས་བོད་ནང་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་ཐོག་ལས་དོན་སྤེལ་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།