རྒྱུད་སྨད་མཁན་ཟུར་བཀྲ་ཤིས་ཚེ་རིང་ལགས་སུ་ཨོ་སུ་ཀྲེ་ལི་ཡ་གཞུང་གི་ཆེ་བསྟོད་གཟེངས་རྟགས་ཐོབ་འདུག

2020-06-09
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱུད་སྨད་མཁན་ཟུར་བཀྲ་ཤིས་ཚེ་རིང་ལགས།
རྒྱུད་སྨད་མཁན་ཟུར་བཀྲ་ཤིས་ཚེ་རིང་ལགས།
སྒྲིག་བཟོ།

ཨོ་སུ་ཀྲེ་ལི་ཡ་གཞུང་གིས་(Order of Australia medal)་ཞེས་པའི་ཆེ་བསྟོད་གཟེངས་རྟགས་རྒྱུད་སྨད་མཁན་ཟུར་བཀྲ་ཤིས་ཚེ་རིང་ལགས་སུ་གནང་གཏན་འཁེལ་འདུག
དེ་ཡང་སེར་བྱེས་ཏྲེ་ཧོར་རྒྱུད་སྨད་མཁན་ཟུར་རྗེ་བཙུན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ལོ་ངོ་བཅུ་ཕྲག་གཉིས་ཙམ་རིང་། ཨོ་སུ་ཀྲེ་ལི་ཡའི་ནང་ཆོས་དང་ཤེས་ཡོན་ཐོག་ཞབས་འདེགས་ཞུས་དང་ཞུ་བཞིན་པའི་མཛད་རྗེས་ལ། ཨོ་སུ་ཀྲེ་ལི་ཡ་གཞུང་གི་ངོས་ནས་ངོས་འཛིན་གནང་སྟེ། ཡུལ་དེའི་སྤྱི་འབངས་གཟེངས་རྟགས་(Order of Australia medal)་ཞེས་པ་གནང་གཏན་འཁེལ་ཡོད་འདུག
མཁན་ཟུར་བཀྲིས་ཚེ་རིང་ལགས་ནི། བོད་ཀྱི་ཁམས་ཏྲེ་ཧོར་དུ་ཕྱི་ལོ་༡༩༣༧ ་ལོར་སྐུ་འཁྲུངས་ཞིང་། དགུང་ན་བཅུ་གྲངས་ནས་གྲྭ་སར་ཞུགས་གནང་སྟེ། བོད་དང་རྒྱ་གར་ནང་སློབ་གཉེར་དང་རིམ་པས་ཕྱི་ལོ་༡༩༩༨་ལོར་བླ་མ་བཟོད་པ་རིན་པོ་ཆེ་ཡིས་འབོད་སྐུལ་གནང་བ་ལྟར། ཨོ་སུ་ཀྲེ་ལི་ཡའི་ནང་སྤྱན་རས་གཟིགས་ཆོས་ཚོགས་ནང་སློབ་ཁྲིད་གནང་བ་དང་། དེའི་རྗེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་རྒྱུད་སྨད་གྲྭ་ཚང་གི་མཁན་པོ་ལོ་དྲུག་ཙམ་གནང་སྟེ་སླར་ཡང་ཨོ་སུ་ཀྲེ་ལི་ཡའི་ནང་ཕྱིར་ཕེབས་ཀྱི་བཞུགས་མུས་ཡིན་པ་རེད།
ཨོ་སུ་ཀྲེ་ལི་ཡའི་གཞུང་གིས་ཆོས་དང་ཤེས་ཡོན། དམག་དོན་སོགས་ཚན་པ་འདྲ་མིན་གྱི་ཐོག་གཟེངས་སུ་ཐོན་པའི་རིགས་ལ་གོང་ཞུས་ཀྱི་གཟེངས་རྟག་གནང་སྲོལ་ཡོད་པའི་ཁོངས་སུ། དེ་སྔ་ཡང་ཨོ་སུ་ཀྲེ་ལི་ཡའི་ནང་ཡོད་པའི་རྣམ་རྒྱལ་ཚེ་རིང་ལགས་སུ་གཟེངས་རྟགས་དེ་ལྟར་ཐོབ་པ་ཡོད་སྟབས། ད་རེས་གཟེངས་རྟགས་དེ་བོད་རིགས་ཞིག་ལ་ཐོབ་པ་གཉིས་པ་ཆགས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།