གསོན་ཐུབ་པའི་རེ་བ་མེད་པར་བཙོན་བཀྲོལ་བཏང་འདུག


2014-02-24
Share
བཙོན་འོག་ནས་མནར་གཅོད་བཏང་རྐྱེན་སྐུ་གྲོངས་བའི་སྒོ་ཤུལ་བློ་བཟང་ལགས་ཀྱི་ཉེ་བའི་པར། ༢༠༡༤ བཙོན་འོག་ནས་མནར་གཅོད་བཏང་རྐྱེན་སྐུ་གྲོངས་བའི་སྒོ་ཤུལ་བློ་བཟང་ལགས་ཀྱི་ཉེ་བའི་པར། ༢༠༡༤
བོད་འབྱོར། ཀླུ་འབུམ།

མདོ་སྨད་ཀན་ལྷོ་རྨ་ཆུ་རྫོང་གི་བོད་མི་ཆབ་སྲིད་བཙོན་པ་སྒོ་ཤུལ་བློ་བཟང་ལགས་གསོན་ཐུབ་པའི་རེ་བ་མེད་པར་བཙོན་བཀྲོལ་བཏང་འདུག
དེ་ཡང་འདི་གའི་གསར་འགོད་པ་བློ་བྷེ་ཡིས་གནས་ཚུལ་བཏང་དོན། རྒྱ་ནག་གིས་བཙོན་འཇུག་བྱས་བའི་མདོ་སྨད་ཀན་ལྷོ་ཁུལ་རྨ་ཆུ་རྫོང་གི་བོད་མི་ཆབ་སྲིད་བཙོན་པ་སྒོ་ཤུལ་བློ་བཟང་ལགས་རྒྱ་ནག་གི་བཙོན་ཁང་ནས་མནར་གཅོད་བཏང་རྐྱེན་སྐུ་གཟུགས་ཀྱི་གནས་སྟངས་སྐྱོ་བོ་ཆགས་པའི་ཚེ་སྲོག་གི་ཉེན་ཁའི་རྐྱེན་བཙོན་ཁང་ནས་གློད་གྲོལ་བཏང་ཡོད་པ་དང་། ཁོང་གི་ཉེ་འབྲེལ་ཞིག་གིས་བརྗོད་དོན། སྤྱི་ལོ་༢༠༠༨ལོར་མདོ་སྨད་རྨ་རྫོང་དཔལ་བན་ཡུལ་ཚོ་ཕྱོགས་སུ་བོད་མི་ཚོས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གནང་སྐབས་ཁོང་སྐབས་དེའི་སྣེ་ཁྲིད་མི་སྣ་ཡིན་ཚུལ་གྱིས་རྒྱ་ནག་གིས་འཛིན་བཟུང་བྱེད་ཐབས་བྱས་སྐབས། ཡུན་རིང་ཉེན་ཡོལ་བྲོས་བྱོལ་བྱས་བ་དང་། རྗེས་སུ་སྤྱི་ལོ་༢༠༡༠ལོའི་ཟླ་༥བའི་ནང་རྨ་ཆུ་རྫོང་ས་གནས་རྒྱ་ནག་གི་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་ལོ་དེའི་ཟླ་བ་བཅུ་པ་ཙམ་བར་དུ་རྨ་ཆུ་རྫོང་གི་བཙོན་ཁང་ནང་བཙོན་འཇུག་གིས་གཅར་རྡུང་འདྲི་རྩད་བྱས་བ་དང་། རྗེས་སུ་རྒྱ་ནག་གི་ལན་ཀྲུའུ་གྲོང་ཁྱེར་ཕྱོགས་ཀྱི་བཙོན་ཁང་ཞིག་ཏུ་བཏང་ཡོད་འདུག སྐབས་དེ་དག་རིང་ཁོང་ལ་རྒྱ་ནག་གི་ཉེན་རྟོག་པ་དང་བཙོན་སྲུང་བས་ཡང་ཡང་མནར་གཅོད་བཏང་བའི་རྐྱེན་གྱིས་ནད་པར་བཏང་བ་དང་ཞལ་ལག་མཆོད་མ་ཐུབ་པར་གཟུགས་གཞི་སྐམ་པོ་ཆགས་པ་སོགས་ཚེ་སྲོག་གི་ཉེན་ཁའི་གནས་སུ་སླེབས་སྐབས་༢༠༡༣ལོའི་ཧོར་ཟླ་བཅུ་པའི་ཚེས་༢༧ཉིན་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་ཀྱང་ད་ལྟ་ཁོང་གི་སྐུ་གཟུགས་ལ་བཟོད་དཀའ་བའི་ན་ཟུག་ཡོང་བཞིན་པ་དང་། སྐུ་གཟུགས་སྐམ་པོ་ཆགས་ནས་ཕལ་ཆེར་གསོན་པོ་བཞུགས་ཐུབ་པའི་རེ་བ་མེད་པར་ཚེ་སྲོག་གི་ཉེན་ཁའི་གནས་སུ་ཡོད་པ་བརྗོད་ཡོད།
སྒོ་ཤུལ་བློ་བཟང་ལགས་ནི་ཀན་ལྷོ་ཁུལ་རྨ་ཆུ་རྫོང་དབལ་པཎ་ཡུལ་ཚོའི་མི་དང་། ད་ལྟ་དགུང་ལོ་༤༣ཙམ་ཡིན་པར་ཁོང་གི་བཟའ་ཟླ་ཏཱ་རེ་དང་ཁོང་གཉིས་བུ་གཅིག་དང་བུ་མོ་གཅིག་ཡོད་པ་རེད་འདུག་ལ་ཁོང་དེ་སྔོན་སྤྱི་ལོ་༡༩༩༢་ལོར་རྒྱ་གར་དུ་ཡོང་ནས་སུ་ཇ་བོད་ཁྱིམ་སློབ་གྲྭར་སློབ་སྦྱོང་བྱས་མྱོང་ཡོད་པ་རེད་འདུག
གསར་འགོད་པ་ཚེ་བརྟན་རྡོ་རྗེ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།