༸གོང་ས་མཆོག་གིས། ཏཱ་ལའི་བླ་མའི་མ་འོངས་པ་ནི་རང་བཞིན་གྱིས་ངོས་རང་གི་ལག་ཏུ་ཡོད།

2019-11-15
གློག་འཕྲིན།
མཆན།
Share
པར་བཀོད།
༸གོང་ས་མཆོག་ནས་རྒྱ་གར་བ་ནང་པ་དང་། གསར་འགྱུར་ལས་རིགས་ཀྱི་སློབ་ཕྲུག་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ།
༸གོང་ས་མཆོག་ནས་རྒྱ་གར་བ་ནང་པ་དང་། གསར་འགྱུར་ལས་རིགས་ཀྱི་སློབ་ཕྲུག་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ།
དགའ་ལྡན་ཕོ་བྲང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༡༥ཉིན་བཞུགས་སྒར་ཕོ་བྲང་དུ་རྒྱ་གར་གྱི་མངའ་སྡེ་༡༣ནས་སློབ་ཕྲུག་དང་དགེ་རྒན།        སྨན་པ་སོགས་ལ་གྲུབ་པའི་རྒྱ་གར་བ་ནང་པ་ཁག་ཅིག་དང་། དེ་བཞིན་རྒྱ་གར་གྱི་གསར་འགྱུར་ལས་རིགས་ཀྱི་གཙུག་ལག་སློབ་གྲྭའི་སློབ་མ་ཁག་ཅིག་བཅས་ལ་མཇལ་ཁ་དང་བཀའ་སློབ་བསྩལ་འདུག

སྐབས་དེར་ཚོགས་བཅར་བའི་དྲི་བ་ཞིག་ལ་བཀའ་ལན་གནང་སྐབས།        རྒྱ་ནག་གི་མཁྲེགས་འཛིན་ཅན་ཁག་ཅིག་གིས་༧རྒྱལ་དབང་སྐུ་ཐོག་བཅོ་ལྔ་བའི་སྐོར་བཤད་ཀྱི་ཡོད་ནའང་།དེ་ལ་ད་དུང་ཁོང་ཚོས་ལོ་ངོ་སུམ་ཅུ་བཞི་བཅུ་ཙམ་སྒུག་དགོས་ངེས་ཡིན་པ་དང་།ཏཱ་ལའི་བླ་མའི་མ་འོངས་པ་ནི།རང་བཞིན་གྱིས་ངོས་རང་གི་ལག་ཏུ་ཡོད་ཅེས་བཀའ་གནང་འདུག

ད་དུང་༧གོང་ས་ཆེན་པོ་མཆོག་གིས་ཁོང་དགོངས་པ་གཞན་དོན་དུ་ཕེབས་ཁར།ཁོང་ཉིད་ཀྱི་འདུན་པར་གང་འཁོར་ཞལ་ཆེམས་དུ་འབྲི་ངེས་ཡིན་པ་དང་།ཁོང་ཉིད་ཀྱི་ཡང་སྲིད་ཏན་ཏན་ནང་པའི་སྤྱི་ཚོགས་གང་རུང་ཞིག་ཏུ་འཁྲུངས་ངེས་ཡིན་པར་དགོངས་ཀྱི་ཡོད་པའང་བཀའ་ཕེབས་ཀྱི་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།