༧གོང་ས་མཆོག་གིས་སོག་ཡུལ་དུ་བཀའ་དབང་བསྩལ་བ།

༧གོང་ས་མཆོག་གིས་སོག་པོའི་མི་མང་ལ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་སྩལ་གནང་མཛད་འདུག

༄༅༎སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་མི་མང་ལ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་སྩལ་གནང་མཛད་ཡོད་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་འཁོད་པར་ ཕྱི་ཟླ་བཅུ་གཅིག་པའི་ཚེས་༡༠ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་རྒྱལ་ས་ཨུ་ལན་སྦ་ཏོར་ཉེ་འཁྲིས་སུ་ཡོད་པའི་སྦུ་ཡནཏ་ཨུ་ཁའ་ཞེས་པའི་རྩེད་ཐང་ཆེན་མོར་སྔ་དྲོ་ཕྱག་ཚོད་བརྒྱད་པའི་ཐོག་༧ཞབས་སོར་འཁོད་དེ་ཐུགས་རྗེ་ཆེན་པོའི་བཀའ་དབང་གི་སྒྲུབ་ཞག་གནང་རྗེས་ ཐུ་ལྦ་ལ་ནང་པའི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་མཆོག་མཇལ་ཞུར་བཅར་ནས་མཇལ་འཕྲད་གནང་ཡདོ་པ་དང་ དེ་བཞིན་སོག་པོའི་དད་ལྡན་མང་ཚོགས་ཁྲི་གཅིག་དང་ལྔ་སྟོང་བརྒལ་བར་སྔ་དྲོ་ཕྱག་ཚོད་༩ནས་༡༢བར་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་དང་ཚེ་དབང་ དེ་བཞིན་སྐྱབས་འགྲོའི་བསླབ་བྱ་སེམས་བསྐྱེད་དང་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་འབོགས་ཆོག་མཛད་གནང་མཛད་ཡོད་པ་དང་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་ཞུ་བར་ཚོར་བྱང་ཆུབ་སེམས་སྒོམ་རྒྱུ་དེ་མི་ལུས་ཀྱི་སྙིང་པོ་ཡིན་པའི་སྐོར་བཀའ་སློབ་གནང་གནང་མཛད་ཡོད་ཅིང་ ཆོས་འབྲེལ་མཇུག་སྒྲིལ་སྐབས་སུ་སོག་པོ་སྤྱི་དང་ཡང་སྒོས་ཡུལ་པ་ཚོས་ནང་ཆོས་ལ་སློབ་གཉེར་བྱེད་དགོས་པ་སོགས་བཀའ་སློབ་བསྩལ་ཏེ་བཞུགས་ཞག་གསུམ་རིང་གི་ཆོས་འབྲེལ་ཡོངས་སུ་ལེགས་གྲུབ་མཛད་ཡོད་པ་དང ཕྱེད་ཡོལ་ ༧གོང་ས་མཆོག་གིས་དགའ་ལྡན་ཐེག་ཆེན་ཆོས་གླིང་དགོན་གྱི་སྤྱན་རས་གཟིགས་ལྷ་ཁང་དུ་གནས་གཟིགས་མཛད་རྗེས་དགའ་ལྡན་ཐེག་ཆེན་གླིང་གི་མངའ་འོག་ཏུ་ཡོདཔའི་མདོ་སྔགས་ཐེག་ཆེན་གླིང་གི་འདུ་ཁང་གསར་པ་དབུ་འབྱེད་བཀྲིན་ཆེ་བ་བསྐྱངས་ཏེ་སོག་པོའི་ཁྱབ་ཁོངས་ཀྱི་དགོན་སྡེ་ཁག་གི་མཁན་པོ་དང་སློབ་དཔོན་ དགེ་འདུན་༡༥༠ཙམ་འཛོམས་ཡོད་པ་རྣམས་ལ་ལམ་སྟོན་བཀའ་སློབ་ཕེབས་པའི་ནང་ མདོ་སྔགས་ཀྱི་ཉམས་ལེན་ཙམ་མིན་པར་ལྷག་པར་དཔལ་ནྭ་ལེནྡྲའི་ལྟ་གྲུབ་དེ་དག་ལ་དོ་སྣང་དང་སློབ་སྦྱོང་བྱེད་དགོས་པ་ དེ་བཞིན་རྒྱ་གར་ནང་ཡོད་པའི་རྒྱུད་སྟོད་སྨད་དང་ རྣམ་རྒྱལ་གྲྭ་ཚང་ སོགས་་གྲྭ་ཚང་ཡིན་ན་ཡང་ ཕྱི་སུ་རིག་ལམ་སློབ་ཁྲིད་བྱེད་དགོས་ཀྱི་འདུག་ཅེས་བསམ་འཆར་བཏོན་པ་བཞིན་སློབ་ཁྲིད་བྱེད་རྒྱུ་འགོ་བཙུགས་ཡོད་པ་དང་སོག་པོའི་གསང་སྔགས་ཀྱི་གྲྭ་ཚང་འདིའི་ནང་དུའང་རོགས་རམ་སློབ་ཁྲིད་འགོ་འཛུགས་དགོས་པའི་ལམ་སྟོན་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད་ ཉིན་མཐའ་མའི་བཀའ་དབང་སྐབས་རྩེད་ཐང་གི་ཚོགས་ཁང་ནང་མི་གྲངས་ཆིག་ཁྲི་ལྔ་སྟོང་ལས་གཤོངས་ཀྱི་མེད་པར་བརྟེན་མི་སྟོང་ཕྲག་འགའ་ཞིག་ཕྱི་ལོགས་སུ་སྡོད་དགོས་བྱུང་ཡོད་འདུག