བོད་ནང་གི་གནས་སྟངས་བརྟག་དཔྱད་བྱ་དགོས་པའི་སྐུལ་མ།

༸གོང་ས་མཆོག་གི་ཉི་ཧོང་ནང་ཆིབས་བསྒྱུར་གྱི་ཉིན་གཉིས་པར་ཉི་ཧོང་གི་ཕྱི་རྒྱལ་གསར་འགོད་པའི་ལྷན་ཚོགས་ཐོག་གསུང་གླེང་སྩལ་འདུག
2009-10-31
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ནང་ཉིན་གྲངས་དགུའི་རིང་གི་ཆིབས་བསྒྱུར་དབུ་འཛུགས་གནང་བའི་ཉིན་གཉིས་པར་སྔ་ཐོག་ཉི་ཧོང་གི་ཕྱི་རྒྱལ་གསར་འགོད་པའི་ལྷན་ཚོགས་ཐོག་གསུང་གླེང་དང་ཉིན་རྒྱབ་དད་ལྡན་ཆོས་ཞུ་བ་ཚོར་ལམ་གཙོ་རྣམ་གསུམ་དང་སེམས་སྐྱིད་སྐོར་གསུངས་ཆོས་བསྩལ་གནང་མཛད་ཡོད་པ་རེད།

བཙན་བྱོལ་བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ཡུལ་ཁག་དང་ལྷག་པར་དུ་གསར་ལམ་ཁག་གིས་རྒྱ་ནག་དང་བོད་ནང་གནས་སྟངས་ངོ་མ་ཇི་འདྲ་ཡོད་མེད་རྩད་ཞིབ་གནང་བར་དངོས་སུ་ས་ཁུལ་དེ་གཉིས་ལ་ཕེབས་དགོས་པའི་སྐུལ་མ་ཤུགས་ཆེ་གནང་འདུག དེ་བཞིན་རྒྱ་ནག་གཞུང་ཕྱོགས་ནས་བོད་སྐོར་གནས་ཚུལ་དྲིལ་བསྒྲགས་བྱས་པ་དེ་དག་བདེན་པ་ཡིན་ཚེ་༸གོང་ས་མཆོག་གིས་ཐུགས་ལས་དོན་ཡོངས་རྫོགས་མཚམས་འཇོག་གནང་རྒྱུ་དང་རྒྱ་གཞུང་ལ་དགོངས་སེལ་ཞུ་རྒྱུ་ཡིན་པའི་སྐོར་བཀའ་གནང་འདུག

དེ་རྗེས་༸གོང་ས་མཆོག་ལ་གསར་འགོད་པས་བཀའ་འདྲི་དགོངས་སྐོར་ཞུས་པར་བཀའ་ལན་གནང་སྐབས་ཉི་ཧོང་གྱི་སྲིད་བློན་ཡུ་ཀི་ཡོ་ཧ་ཏོ་ཡ་མ་མཆོག་གིས་མང་ཚོགས་ལ་བདེ་སྐྱིད་སྐྲུན་ཐབས་ཐོག་གཞི་བཞག་པའི་སྲིད་བྱུས་ལག་བསྟར་གནང་རྒྱུའི་འཆར་གཞིར་༸གོང་ས་མཆོག་གིས་བསྔགས་བརྗོད་གནང་འདུག

དེ་དང་ཕྱོགས་མཚུངས་༸གོང་ས་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཏའོས་འཆམ་མཐུན་གྱི་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འབོད་སྐུལ་དེ་དག་ཕན་ཚུན་དབར་ཡིད་ཆེས་དང་གུས་བརྩིའི་ཐོག་ནས་ཡོང་རྒྱུ་ལས་མི་དམངས་བཅིངས་འགྲོལ་དམག་མིའི་མེ་མདའི་ཁ་ནས་ཡོང་རྒྱུ་མིན་སྐོར་བཀའ་གནང་སྟེ་གསར་འགོད་ལྷན་ཚོགས་ཐོག་ཡོད་པའི་རྒྱ་ནག་གསར་ལས་ཁང་གི་གསར་འགོད་པར་༸གོང་ས་མཆོག་གིས་རྒྱ་ནག་རྒྱལ་ཡོངས་ཀྱི་མི་འབོར་ཐེར་འབུམ་གཅིག་ལ་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་གཅིག་པུ་མ་ཡིན་པར་གནས་ཚུལ་བདེན་པ་ཤེས་རྟོགས་བྱ་རྒྱུའི་ཐོབ་ཐང་ཡོད་སྐོར་བཀའ་ནན་པོ་གནང་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།