ཕེ་རན་སིས་འབར་མའི་དམངས་གཙོའི་འཕོ་འགྱུར་ལ་རྒྱབ་སྐྱོར།

ཕེ་རན་སིའི་སྲིད་འཛིན་གྱིས་འབར་མའི་ནང་གི་དམངས་གཙོའི་འཕོ་འགྱུར་ལ་ཕེ་རན་སི་ཡུལ་གྱིས་རྒྱབ་སྐྱོར་གང་ཡོང་གནང་རྒྱུའི་ཞལ་བཞེས།

2012.06.27

༄༅༎ཁ་ས་ལྕམ་ཨོང་སན་སུའུ་ཆི་རྒྱལ་ས་པེ་རིསི་ཁུལ་གཟིགས་སྐོར་གནང་བར་ཕེབས་སྐབས། སྲིད་འཛིན་ཕེརེན་ཀོཨི་ཧོ་ལེནདྲ་མཆོག་གིས་ འབར་མའི་ནང་གི་དམངས་གཙོའི་འཕོ་འགྱུར་ལ་ཕ་རན་སི་ཡུལ་གྱིས་རྒྱབ་སྐྱོར་གང་ཡོང་གནང་རྒྱུའི་ཞལ་བཞེས་གནང་འདུག།

ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སུའུ་ཆི་མཆོག་ད་རེས་ཡུ་རོབ་ཁུལ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གཟིགས་སྐོར་གནང་བར་ཕེབས་པའི་ཉིན་མཐའ་མ་དེར། དཔལ་འབྱོར་གྱི་གནས་སྟངས་དཀའ་ངལ་ཡོད་པའི་ཁོང་གི་རྒྱལ་ཁབ་འབར་མའི་ནང་ཕྱི་རྒྱལ་གྱི་མ་རྩ་འཛུགས་འཇོག་གནང་རྒྱུའི་འབོད་སྐུལ་གནང་ཡོད་ནའང༌། མིག་སྔར་འབར་མའི་ནང་འགྲོ་བཞིན་པའི་ཆབ་སྲིད་བཅོས་སྒྱུར་ལ་རྩིས་མེད་འགལ་འཛོལ་གནང་ན་འགྲིག་གི་མེད་སྐོར་གསུངས་བཞག།

ཕེ་རེན་སི་སྲིད་འཛིན་ཧོ་ལེནདྲ་མཆོག་གིས་ཨེ་ལིསི་ཕོ་བྲང་དུ་འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་སུའུ་ཆི་མཆོག་ལ་ཕེབས་བསུའི་སྣེ་ལེན་ཞུས་གནང་ཡོད་ཅིང༌། སྲིད་འཛིན་མཆོག་གིས་འབར་མའི་ནང་ཆབ་སྲིད་ཀྱི་བཅོས་བསྒྱུར་དོན་གཉེར་གནང་མཁན་ཚང་མར་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་དང༌། གལ་ཏེ་འབར་མའི་སྲིད་འཛིན་ཐེཨིན་སེན་ཕེ་རེན་སི་ལ་ཕེབས་འདོད་ཡོད་ཚེ་ཕ་རེན་སི་གཞུང་གིས་མགྲོན་བདག་ཞུ་རྒྱུར་གྲ་སྒྲིག་ཡོད་ཅེས་གསུངས་བཞག།

རྒྱལ་ས་ པེ་རིསི་ཁུལ་དབུ་ཁྲིད་རྣམ་གཉིས་ཀྱི་ཟུང་འབྲེལ་གསར་འགོད་ལྷན་ཚོགས་ཐོག། ལྕམ་སུ་ཅི་མཆོག་གིས་ ང་ཚོར་དམངས་གཙོ་དགོས་པ་དང་ཆབས་ཅིག་དཔལ་འབྱོར་གོང་འཕེལ་ཡང་དགོས་ཀྱི་འདུག། ཡར་རྒྱས་ཕྱིན་པ་གཅིག་པུས་དམངས་གཙོའི་ཚབ་བྱེད་ཐུབ་ཀྱི་མ་རེད། ཡར་རྒྱས་དེ་བཞིན་དམངས་གཙོའི་རྨང་གཞིའི་ནུས་ཤུགས་ཆེ་རུ་གཏོང་རྒྱུར་བེད་སྤྱོད་གཏོང་དགོས་ཀྱི་རེད་ཅེས་གསུངས་བཞག།

ལྕམ་ཨོང་སན་སུའུ་ཆི་མཆོག་ སུད་སི་དང༌། ནོར་ལྦེ། ཨ་ཡར་ལེནཌི་དང་དབྱིན་ཡུལ་བཅས་སུ་གཟིགས་སྐོར་གནང་བའི་མཐའ་མ་ཁ་ས་ ཕ་རེན་སི་ནང་ཕེབས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཡིས་དིང་རི་སླར་གསོ་བསྐྱར་སྐྲུན་དང་མཉམ་མཐའ་མཚམས་བརྟན་ལྷིང་གླེང་བར་གནད་དོན་དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་གནོད་ཐེབས་ས་ཁུལ་གྱི་བསྐྱར་གསོའི་ལས་དོན་ཆབ་སྲིད་ལ་སྦྱར་བར་སྐྱོན་བརྗོད་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎