ནང་སྲིད་བཀའ་བློན་མཆོག་དང་ཧི་མ་ཅལ་བློན་ཆེན་མཇལ་འཕྲད།

ནང་སྲིད་བཀའ་བློན་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་ནང་བོད་མི་ཚོར་ས་ཆ་བོགས་གན་བཏང་བའི་སྐོར་གྲོས་མོལ་གནང་ཡོད་འདུག

2012.06.30

༄༅༎བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ཚེས་༢༨ཉིན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། སིམ་ལར་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་སྐུ་ཞབས་པེ་རེམ་ཀུ་མཱར་ཌུ་མལ་མཆོག་དང་མཇལ་འཕྲད་ཀྱིས། ས་གནས་བོད་མིའི་བདེ་སྡུག་དང་འབྲེལ་བའི་གནད་དོན་སྐོར་གླེང་མོལ་གནང་བ་དང༌། ཧི་མཱ་ཅལ་མངའ་གཞུང་གིས་ཉེ་ལམ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གི་མཚན་ཁྲིམས་འགལ་གྱི་དངུལ་གསོག་འཇོག་བྱས་པའི་ཉེས་མིང་ནང་འཁོད་ཡོད་པ་དེ་ཕྱིར་འཐེན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཡོད་འདུག།

ད་དུང་ཉིན་དེར་ནང་སྲིད་བཀའ་བློན་མཆོག་གིས་ཧི་མཱ་ཅལ་མངའ་གཞུང་གི་སྤྱི་ཚོགས་དྲང་བདེན་ནུས་ཤུགས་སྐྱེད་སྲིང་ལས་ཁུངས་ཀྱི་དྲུང་ཆེ་ལས་འཕར་སྐུ་ཞབས་དཱས་མཆོག་དང་ཐུག་འཕྲད་གྱིས། མངའ་སྡེའི་ནང་བོད་མི་ཚོར་ས་ཆ་བོགས་མ་བཏང་བའི་སྐོར་གྲོས་མོལ་གནང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་གི་ས་ཡོམ་དང་འབྲེལ་དྲྭ་ཐོག་གནས་ཚུལ་སྤེལ་མཁན་ ༢༡ ལ་ཞིབ་དཔྱོད་དང་ཉེས་ཆད་བཅད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཀརྨ་ཚེ་བརྟན་ལགས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་འགོ་ཁྲིད་དུ་བདམས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎