ཧོང་ཀོང་ནང་སློབ་ཕྲུག་ཁག་གིས་ཚོུད་༦༤རིང་ཟས་བཅད་ངོ་རྒོལ།

ཧོང་ཀོང་གི་སློབ་ཕྲུག་ཁག་ཅིག་གིས་ཆུ་ཚོད་༦༤རིང་གི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་དབུ་བཙུགས་གནང་འདུག

2009-06-02
Share

༄༅༎ལོ་ཉི་ཤུ་གོང་ལ་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནང་ཟས་བཅད་ངོ་རྒོལ་གནང་མཁན་རྒྱ་མིའི་སློབ་ཕྲུག་རྣམས་ལ་མྱ་ངན་གུས་བཏུད་ཞུ་ཕྱིར་གཟའ་ཟླ་བའི་ཉིན་ཧོང་ཀོང་གི་སློབ་ཕྲུག་ཁག་ཅིག་གིས་ཆུ་ཚོད་༦༤རིང་གི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་དབུ་བཙུགས་གནང་འདུག

ཕྱི་ལོ་༡༩༨༩ལོར་རྒྱ་མིའི་སློབ་ཕྲུག་སྟོང་ཕྲག་མང་པོས་རྒྱ་ནག་ནང་མང་གཙོ་དགོས་སྐོར་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནང་ངོ་རྒོལ་རྔམ་སྟོན་བྱས་པའི་ཐོག་རྒྱ་ནག་གཞུང་གིས་ཡ་ང་སྙིང་རྗེ་རྩ་བ་ནས་མེད་པར་དམག་མི་བཏང་སྟེ་དྲག་གནོན་བྱས་པའི་ནང་སློབ་ཕྲུག་བརྒྱ་ཕྲག་མང་པོ་རྐྱེན་ལམ་དུ་ཕྱིན་པའི་དུས་དྲན་སྲུང་བརྩིའི་གོང་ལ་ཧོང་ཀོང་གི་སློབ་ཕྲུག་བཅུ་གསུམ་ལས་གྲུབ་པའི་ཚོགས་ཁག་གཅིག་གིས་ཆུ་ཚོད་༦༤རིང་གི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དབུ་བཙུགས་གནང་འདུག སློབ་ཕྲུག་ཚོགས་པའི་འགོ་འཁྲིད་དང་ཟས་བཅད་ངོ་རྒོལ་འདིའི་ནང་མཉམ་བཞུགས་གནང་མཁན་རང་ལོ་ཉི་ཤུ་རྩ་གཅིག་ལ་སོན་པ་དབྱིབ་ཆོ་ཡན་ཡིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་མེད་པའི་ང་ཚོ་སློབ་ཕྲུག་ཚོས་ཡིད་ཀྱི་སྒོ་ནས་དེ་སྔའི་ཞི་རྒོལ་ནང་རྐྱེན་འདས་སུ་ཕྱིན་པའི་སློབ་ཕྲུག་རྣམས་ལ་རྒྱབ་སྐྱོར་ཞུ་རྒྱུ་ཙམ་མ་ཟད་ལུས་པོའི་ཐོག་ནས་ཀྱང་རྒྱབ་སྐྱོར་ཞུ་ཡི་ཡོད་པ་མངོན་གསལ་སྟོན་ཕྱིར་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་གོ་སྒྲིགས་ཞུས་པ་དང་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནང་གོ་མཚོན་ལག་ཆ་གང་ཡང་མེད་པར་ངོ་རྒོལ་རྔམ་སྟོན་བྱེད་མཁན་སློབ་ཕྲུག་ཚོའི་ཐོག་རྒྱ་ནག་གཞུང་གིས་མེ་མདའ་རྒྱབ་ནས་བསད་པའི་སྐོར་མི་མང་ལ་དྲན་གསོ་བྱ་ཕྱིར་ཡང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་སྤེལ་བ་ཡིན་པའི་སྐོར་གསུངས་འདུག ཡང་ཧོང་ཀོང་གི་པོ་ལི་ཀྲེག་ནིཀ་མཐོ་སློབ་ཀྱི་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ལྦིན་སི་ཀྲེན་ལེའུང་ཡིས་ད་རེས་ཁོང་རྣམས་ཀྱིས་ཟས་བཅད་ངོ་རྒོལ་གནང་རྒྱུ་དེ་ནི་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནང་བྱུང་བའི་དོན་རྐྱེན་དེ་མ་བརྗེད་པར་འཚོ་ཞིང་གནས་འཇུག་ཐབས་ཤིག་ཡིན་ལུགས་ཀྱང་གསུངས་ཡོད་པའི་གནས་ཚུལ་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།