རྒྱ་གར་གྲོས་ཚོགས་ཀྱི་འཐུས་མིས་རྡ་སར་གཟིགས་སྐོར།
2012.06.29
༄༅༎དེ་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་བཞུགས་སྒར་རྡ་རམ་ས་ལར་གཞུང་འབྲེལ་གཟིགས་སྐོར་དུ་ཕེབས་པའི་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཕྱི་ཚེས་༢༦ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཁང་ལ་ཕེབས་ཡོད། རྒྱ་གར་གྲོས་ཚོགས་ཀྱི་འཐུས་མིའི་ཚོགས་ཆུང་དེའི་ནང༌། གྲོས་ཚོགས་གོང་མའི་འཐུས་མི་བཅུ་ཡོད་པ་དང༌། ཁོང་རྣམ་པ་ནི་ མཱ་ཡ་སིང༌། རྦ་རཏ་ཀུ་མའར་རོཏ། ཀེ་པི་ར་མ་ལིང་གམ། ར་སྦི་ན་ར་ཡན་མོ་ཧ་པ་ཏྲ། རྦུ་པེན་རྡར་ཡ་རྡལྦ། ཨེ་མརྡ་ས་ཨིརྡ་མ་ལི་ཧ་སྦ་ཌི། ཤན་ཏ་རམ་ན་ཨིཀ། ཇེ་སུ་རྡ་སུ་སི་ལམ། ཨ་ལི་ཨན་ལྦར་ཨན་སར་དང་ ཇཱ་ནར་རྡན་ལྦག་མེར། བཅས་རེད་འདུག།
ཕྱི་ཚེས་༢༥ ཕྱི་དྲོ་གོང་ཞུས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམ་པ་ཚོར་བོད་གཞུང་ཟློས་སྒར་ཚོགས་པས་བོད་པའི་རིག་གཞུང་འཁྲབ་སྟོན་གྱི་གཟིགས་མོ་སྤྱན་འབུལ་ཞུས་ཡོད་པ་དང༌། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམ་བསྟན་འཕེལ་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་གནང་འདུག་ལ། རྒྱ་གར་གྲོས་ཚོགས་འཐུས་མི་རྣམ་པ་ཚོས་བོད་པའི་སྲོལ་རྒྱུན་གྱི་ཞབས་གཞས་ཁག་ལ་དགྱེས་འཚོར་ཆེན་པོས་བསྔགས་བརྗོད་རྒྱ་ཆེ་གནང་འདུག། ད་དུང་ཁོང་རྣམ་པ་ཚོ་ཚོགས་དྲུང་ཡིག་ཚང་དུ་སྣེ་ལེན་ཞུས་གནང་བ་དང༌། བོད་དོན་སྐོར་གླེང་མོལ་བྱས་ཡོད་པ་རེད་འདུག།