བཙན་བྱོལ་བོད་མིའི་ཁྲིམས་ལུགས་སྦྱོང་བརྡར།

རྡ་ས་གངས་སྐྱིད་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གོ་སྒྲིག་འོག་བཙན་བྱོལ་བོད་མིའི་ཁྲིམས་དང་། ཁྲིམས་ལུགས་སྦྱོང་བརྡར་ཐེངས་ལྔ་པ་དངོས་སུ་དབུ་འཛུགས་གནང་འདུག།

2012.08.14

སྐབས་དེར་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་བའི་ནང་། ཁྲིམས་ལ་བཅའ་ཁྲིམས་དང་། ཉེས་ཁྲིམས་གཉིས་ཡོད་པ་ལས་  ཉེས་ཁྲིམས་དེ་བཙོན་འཇུག་གི་ཉེས་པ་ཕོག་རྒྱུ་ཆགས་ཡོད་པ་དང། བཅའ་ཁྲིམས་དེ་དངུལ་སོགས་ཆད་པ་རྒྱག་རྒྱུ་ཆགས་ཡོད། དེ་གཉིས་ཐད་ཀར་འབྲེལ་བ་ཡོད་པའི་ཆ་ནས་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཉེས་ཁྲིམས་ཐོག་ནས་ཁྲིམས་ཐག་བཅད་གནང་གི་མེད་ལུགས་བཀའ་གནང་བཞག། དེ་བཞིན་བཀའ་བློན་ཁྲི་པ་མཆོག་གིས་ ང་ཚོའི་སྤྱི་ཚོགས་ནང་ཁ་མཆུ་ཞེ་དྲག་མེད་པ་དེ་ཕྱོགས་གཅིག་ནས་རྙོག་དྲ་མེད་པ་དང་། དྲང་པོ། རང་དབང་ཡོད་པ་བརྩིས་པ་ཡིན་ཀྱང་། དངོས་ཡོད་གནས་སྟངས་ལ་གང་འདྲ་ཆགས་ཡོད་དམ་ཞེ་ན།་ ང་ཚོའི་སྤྱི་ཚོགས་ཙམ་མིན་པར་འཛམ་གླིང་སྤྱི་ཡོངས་ནང་སྐྱོ་པོ་རྣམས་ལ་ཁྲིམས་ལུགས་རྩོད་རྒྱུའི་གོ་རྟོགས་མེད་པ་སོགས་ཀྱི་རྐྱེན་པས་གྱོང་རག་གི་ཡོད་ཅེས་སོགས་གསུང་གནང་བཞག་།

ཐེངས་འདིའི་ ཉིན་གྲངས་བཅུའི་ཟབ་སྦྱོང་འདིར་ས་གནས་ཁྲིམས་ཞིབ་པ་གསུམ་དང་  གཞན་ས་གནས་ཁག་ལྔ་དང་དབུས་ལས་ཁུངས་ཁག་བཅས་ཁྱོན་མི་གྲངས་ ༢༦ ནས་མཉམ་ཞུགས་གནང་ཡོད་པ་དང་  ཟབ་སྦྱོང་ནང་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་དང་ས་གནས་ཁྲིམས་ཞིབ་པ་བཅས་ཀྱི་ སྤྱི་མང་གཏུགས་བཤེར་ཁྲིམས་ཡིག་དོན་ཚན་ ༡ ནས་ ༨༨ བར་གཙོས་པའི་རྩ་འཛིན་ཁྲིམས་ཡིག་ཁག་གསུམ་དང་། བཅའ་ཁྲིམས། ཁྲིམས་རྩོད་པའི་བླང་དོར་ལམ་སྟོན། ཁ་མཆུའི་ཞུ་རྩ་དང་། ཞུ་ལན་འབྲི་སྟངས། ཁ་མཆུ་ཞུ་གཏུག་སྐོར་སོགས་སློབ་ཁྲིད་གནང་རྒྱུ་ཡིན་འདུག་།  ཟབ་སྦྱོང་ཀྱི་ཉིན་མཐའ་མའི་ཉིན་བོད་མིང་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་རྣམས་ལ་ལག་འཁྱེར་ཡང་གནང་རྒྱུ་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲུག་ཡུལ་ཐེ་བའི་འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་པའི་དད་ལྡན་པ་ ༤༠༠ ལ་མཇལ་ཁ་སྩལ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎