བཀའ་ཁྲི་མཆོག་ནས་བོད་དོན་ཐད་ཐུགས་སྣང་ཡོང་བའི་འབོད་སྐུལ།
2012.06.30
༄༅༎བཀའ་བློན་ཁྲི་པ་མཆོག་གཟའ་འཁོར་གཅིག་ཙམ་རིང་ཨོ་སི་ཀྲོ་ལི་ཡའི་ནང་གི་གཞུང་འབྲེལ་འཚམས་གཟིགས་གནང་སྟེ། བོད་ནང་གི་གནས་སྟངས་ཐོག་དོ་སྣང་དང་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་གནང་ཡོད་འདུག
ཨོ་སི་ཀྲོ་རི་ཡ་དང་རྒྱ་ནག་བར་ཚོང་དོན་གྱི་འབྲེལ་ལམ་ཧ་ཅང་བཟང་པོ་ཡོད་པའི་ཁར་ ད་ལོ་ཡུལ་གྲུ་གཉིས་བར་གཞུང་འབྲེལ་འབྲེལ་ལམ་བཙུགས་ནས་ལོ་ངོ་བཞི་ཅུ་འཁོར་བའི་དུས་དྲན་གྱི་ལས་འགུལ་སྣ་ཚོགས་ཤིག་སྤེལ་ཡོད་པ་སོགས་དང་སྟབས་དང་སྟུན་ནས་ བཀའ་བློན་ཁྲི་པ་མཆོག་ཨོ་སི་ཀྲོ་རི་ཡའི་ནང་ཕེབས་ནས། ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་དཔོན་རིགས་མང་པོ་ཞིག་དང་མཇལ་འཕྲད་གནང་སྟེ། ཨོ་སི་ཀྲོ་རི་ཡའི་དཔོན་རིགས་རྣམ་པས་རྒྱ་ནག་གི་དཔོན་རིགས་དང་ཐུགས་ཕྲད་གནང་བའི་སྐབས་ བོད་ཀྱི་གནད་དོན་གླེང་སློང་གནང་རྒྱུའི་འབོད་སྐུལ་ཡང་གནང་ཡོད་འདུག
བཀའ་བློན་ཁྲི་པ་མཆོག་གིས་ཨོ་སི་ཀྲོ་རི་ཡའི་གྲོང་ཁྱེར་ཁག་བཞི་ཙམ་ནང་ཕེབས་པའི་རིང་ ས་གནས་ནང་ཡོད་པའི་རྒྱ་རིགས་ཤེས་ལྡན་པ་ཁག་ཅིག་དང་། ས་གནས་མི་མང་ ཨོ་སི་ཁྲོ་རི་ཡའི་ནང་གནས་སྡོད་བོད་མི་སོགས་དང་ཡང་ཐུགས་ཕྲད་གནང་ཡོད་པ་དང༌། བཀའ་བློན་ཁྲི་པ་མཆོག་ད་རེས་ཨོ་སི་ཁྲོ་རི་ཡའི་ནང་ཕེབས་པའི་རིང་ཨོ་སི་ཁྲོ་རི་ཡའི་གྲོས་ཚོགས་མཐུས་མི་མང་པོ་ཞིག་དང་མཇལ་འཕྲད་གནང་ཡོད་འདུག།