བཀའ་ཁྲི་མཆོག་གིས་ཨོ་སི་ཊོ་ལི་ཡའི་ནང་གསུང་གླེང།

བཀའ་ཁྲི་མཆོག་གིས་བོད་ནང་བོད་མིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པའི་སྐོར་གསུང་གླེང༌།

2012.06.26

༄༅༎བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་གིས་ བོད་ནང་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ་དེ་ནི་ གཉའ་གནོན་དང་དྲག་རྩུབ་འོག་གནས་ཞིང༌། འ་ཆད་འུ་ཐུག་གི་བོད་མི་རིགས་ཚོས་རང་དབང་དགོས་རྒྱུའི་རྣམ་འགྱུར་གསལ་སྟོན་བྱས་པ་ཞིག་ཡིན་པ་གསུངས་པ་ གཟའ་མིག་དམར་ཉིན་ཨའསོ་ཊེ་རེ་ལི་ཡའི་ཉིན་རེའི་གསར་ཤོག་ སིཌ་ནཱི་མོར་ནིང་པོསཊི་གྱིས་ལུང་འདྲེན་བྱས་འདུག།

བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་དེང་སྐབས་ཨའོསི་ཊེརེ་ལི་ཡའི་ནང་གཞུང་དོན་ཕྱོགས་བསྐྱོད་གནང་བཞིན་ཡོད་ཅིང༌། ཁོང་གིས་སིཌ་ནཱི་མོར་ནིང་པོསཊི་ཀྱི་གསར་འགོད་པར། བོད་ནང་མི་བཞི་བཅུ་ལྷག་གིས་རང་ལུས་མེར་བསྲེགས་བཏང་པའི་གནས་ཚུལ་བྱུང་བ་དེས་བོད་ནང་གི་གནས་སྟངས་ཧ་ཅང་གི་ཛ་དྲག་ཅན་ཞིག་ཡོད་པ་མཚོན་ཐུབ་རྒྱུ་དང་། ལས་འགུལ་དེ་དག་ནི་འ་ཆད་འུ་ཐུག་པའི་རྣམ་འགྱུར་ཕྱིར་བཏོན་བྱས་པ་ཙམ་མ་ཟད་ ཆབ་སྲིད་ཀྱི་མཚོན་རྟགས་ཡོད་པའི་ལས་དོན་ཞིག་ཀྱང་ཡིན་པ་གསུངས་ཡོད་པ་རེད།  བཀའ་བློན་ཁྲི་པ་མཆོག་གིས། བོད་ནང་རྒྱ་མིའི་དྲག་པོའི་སྲིད་བྱུས་ཀྱི་འོག་བོད་མི་ཚོར་ཞི་བའི་ངོ་རྒོལ་དང་ཞི་བའི་ཐོག་ནས་འདུ་འཛོམས་ལ་སོགས་པ་བྱེད་ཆོག་གི་མེད་པ་གསལ་སྟོན་གནང་པ་དང་སྦྲགས། རང་ལུས་མེར་བསྲེགས་བཏང་མཁན་ཚོས་བཞག་པའི་ཁ་ཆེམས་ཀྱི་ནང་ ཁོང་ཚོས་ལས་འགུལ་འདི་སྤེལ་བའི་རྒྱུ་མཚན་གཙོ་བོ་ནི་བོད་མི་ཚོར་རང་དབང་དགོས་པ་དང༌། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་དུ་ཞབས་སོར་གནང་ཐུབ་ཆེད་ཡིན་པ་བརྗོད་ཡོད་པ་རེད་ཅེས་གསུངས་འདུག།

ད་དུང་བཀའ་བློན་ཁྲི་པ་མཆོག་གིས་ བོད་ནང་རང་ལུས་མེར་བསྲེགས་བཏང་པའི་ལས་འགུལ་འདི་དག་ནི་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་ཀྱི་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་སྒེར་ལངས་བྱས་པའི་རྗེས་སུ་བྱུང་བ་ཞིག་ཡིན་པ་དང༌། རྒྱ་ནག་གཞུང་གིས་བོད་མི་ཚོས་མི་འདོད་པའི་རྣམ་འགྱུར་བསྟན་པའི་རྒྱུ་རྐྱེན་ངོ་མ་ཇི་ཡིན་ཞིབ་འཇུག་བྱེད་རྒྱུ་ཕར་བཞག། ད་དུང་བོད་མི་ཚོའི་ཐོག་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་ཞིང༌། དྲག་པོའི་དཔུང་དམག་མང་རུ་བཏང་པ་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་རུ་བཅུག་པའི་ལས་གཞི་ཆེ་རུ་གཏོང་བཞིན་ཡོད་པ་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་གནང་ཡོད་པ་རེད།

ལྷག་པར་དུ་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་གིས་་ བོད་མི་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཧ་ལས་པའི་ཆེན་པོ་ཞུ་བཞིན་ཡོད་པ་དང༌། རྒྱ་ནག་གཞུང་གིས་བོད་མི་ཚོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་རུ་འཇུག་གི་ཡོད་པ་དེས་ བོད་མི་ཚོའི་སེམས་ནང་ཧ་ལས་པའི་མི་དགའ་བ་ཆེན་པོ་བཟོ་ཡོད་པ་རེད་ཅེས་གསུངས་འདུག།

བཀའ་བློན་ཁྲི་པ་མཆོག་གིས་ ད་ལྟའི་རྒྱ་ནག་ནང་གི་གནས་སྟངས་དང༌། ལྷག་པར་དུ་འདས་པའི་ལོ་ངོ་ལྔ་བཅུའི་གནས་ཚུལ་ལ་གཞིགས་ཚེ་ ད་ལྟའི་རྒྱ་ནག་གི་འགོ་འཁྲིད་ཚོའི་དུས་ཡུན་འདིའི་རིང་བོད་ཀྱི་གནས་ཚུལ་སེལ་ཐུབ་པའི་རེ་བ་དེ་ཙམ་གནང་གི་མེད་ན་ཡང༌། མ་འོངས་པར་ཤི་ཅིང་ཕྷིང་གིས་སྣེ་འཁྲིད་པའི་རྒྱ་ནག་གི་འགོ་འཁྲིད་གསར་པ་ཚོས་བོད་ཀྱི་གནད་དོན་ཐད་བལྟ་ཚུལ་ཞིག་བཟུང་སྟེ་ བོད་རྒྱའི་དཀའ་རྙོག་སེལ་བའི་དུས་སྐབས་གསར་པ་ཞིག་འབྱུང་ཐུབ་རྒྱུའི་རེ་བ་གནང་གི་ཡོད་པ་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་རྒྱུའི་མཛད་འཆར་ཁག་རེ་ཞིག་མཇུག་སྒྲིལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎