མི་མང་གསུམ་ཁྲི་ལྷག་ལ་ལམ་རིམ་ཆེན་མོའི་བཀའ་ཆོས་འཕྲོ་སྐྱོང་།

2014-12-24
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་བྱང་རྩེ་གྲྭ་ཚང་ནང་ཕྱི་ནང་མི་མང་གསུམ་ཁྲི་ལྷག་ལ་ལམ་རིམ་ཆེན་མོའི་བཀའ་ཆོས་འཕྲོ་སྐྱོང་གནང་བཞིན་པ། ༢༠༡༤།༡༢།༢༤
༧གོང་ས་མཆོག་གིས་བྱང་རྩེ་གྲྭ་ཚང་ནང་ཕྱི་ནང་མི་མང་གསུམ་ཁྲི་ལྷག་ལ་ལམ་རིམ་ཆེན་མོའི་བཀའ་ཆོས་འཕྲོ་སྐྱོང་གནང་བཞིན་པ། ༢༠༡༤།༡༢།༢༤
ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

༧གོང་ས་མཆོག་གིས་བྱང་རྩེ་གྲྭ་ཚང་ནང་ཕྱི་ནང་མི་མང་གསུམ་ཁྲི་ལྷག་ལ་ལམ་རིམ་ཆེན་མོའི་བཀའ་ཆོས་འཕྲོ་སྐྱོང་གནང་བཞིན་པ་རེད།
དེ་ཡང་བོད་ཀྱི་དབུ་ཁྲིད་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསལ་འདེབས་ཞུས་པ་ལྟར། འདི་ཟླའི་ཚེས་༢༣་སྟེ་གཟའ་མིག་དམག་ཉིན་ནས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བྱང་རྩེ་གྲ་ཚང་ནང་དད་ལྡན་ཕྱི་ནང་མི་མང་གསུམ་ཁྲི་ལྷག་ལ་ལམ་རིམ་ཆེན་མོའི་བཀའ་ཆོས་འཕྲོ་སྐྱོང་དབུ་འཛུགས་མཛད་ནས་དེ་རིང་ཆོས་འབྲེལ་ཉིན་གཉིས་པ་དེ་ཡིན་པ་རེད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་སྔོན་འགྲོའི་བཀའ་སློབ་སྩལ་དོན། དེ་རིང་དགའ་ལྡན་བྱང་རྩེ་གྲ་ཚང་ལ་ཆོས་འབྲེལ་བྱེད་རྒྱུ་ཡིན། རྩ་བའི་དེ་རིང་བྱང་ཆུབ་ལམ་རིམ་ཁྲིད་ཆེན་ཕལ་ཆེར་ཡོངས་གྲགས་ཡོད་དོ་ཅོག་ཅེས་ལབས་ཐུབ་ཀྱི་རེད། དེ་རིང་འཕྲོ་སྐྱོང་བྱེ་རྒྱུ་དེ་དག་ཞྭ་དམར་ལམ་རིམ་རེད། ཞྭ་དམར་ལམ་རིམ་བདེ་ལམ་གྱི་ཟིན་བྲིས་རེད། དེ་དང་ཞྭ་དམར་རིན་པོ་ཆེས་མཛད་པའི་རྗེའི་ལྷག་མཐོང་ཆེན་མོའི་དཀའ་གནད་ཀྱི་མཆན་འགྲེལ་ཞིག་ཡོད། དེ་གཉིས་པོ་ངོས་ལ་ཨ་མདོའི་བླ་མ་ཞིག་གི་མདུན་ནས་ལེགས་པར་ཐོབ་ཡོད། དེ་དག་བསྡོམས་ནས་ཕལ་ཆེར་ཤོག་གྲངས་༧༠༠་ཙམ་འདུག ཉིན་དྲུག་ལ་ཚར་རྒྱུ་ཕལ་ཆེར་ཁག་པོ་བྱེད་ས་རེད། གང་ཐུབ་ཚར་བ་བྱས་ནས་མ་ཚར་བ་དེ་དག་ལོ་རྗེས་མ་མུ་མཐུད་རྒྱུ་བྱས། ལོ་རྗེས་མ་ཏན་ཏན་ཚར་བ་བྱ་རྒྱུ་ཡིན། ལོ་ལྔ་བརྒྱ་དྲུག་བརྒྱ་ལྷག་ཕྱིན་པའི་བོད་ཀྱི་གདན་ས་གསུམ་པོ་རྩ་བའི་བོད་དབུས་སུ་ཆགས་ན་ཡང་ཡན་ལག་དང་ཉིང་ལག་བོད་མཐའ་དབུས་ཡོངས་སུ་ཁྱབ་ནས་མཐའ་ན་ཆེན་པོ་ཧོར་གྱི་ཡུལ་ལའང་ཧ་ཅང་ཁྱབ་ཆེན་པོ་རེད། དེ་བཞིན་བཀྲིས་ལྷུན་པོ་དང་ཁུ་ནུ་དང་ལ་དྭགས། ཧི་མ་ལ་ཡི་རི་རྒྱུད་ལ་ཧ་ཅང་ཁྱབ་ཆེན་པོ་ཡིན་སྐོར་སོགས་དང་། དེ་རིང་འདིར་ཡུལ་གྲུ་འདྲ་མིན་ནས་ཆོས་ཞུ་བ་མང་པོ་ཞིག་ཕེབས་འདུག དེར་བརྟེན་དུས་རྒྱུན་སངས་རྒྱས་པའི་ཆོས་མ་འཆད་གོང་ངོས་ཀྱིས་ནང་ཆོས་ངོ་སྤྲོད་གནང་གི་ཡོད་སྐོར་སོགས་བཀའ་བསྩལ་འདུག

གསར་འགོ་པ་བསོད་ནམས་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།