སྤོ་ལོ་དགོན་པ་ཆུ་འོག་ཏུ་ནུབ་པའི་ཉེན་ཁ།

2018-11-08
གློག་འཕྲིན།
མཆན།
Share
པར་བཀོད།
འབྲི་ཆུ་འགག་ནས་མི་མང་གི་སྡོད་ཁང་མང་པོ་ཆུའི་འོག་ཐིམ་བཞིན་ཡོད་འདུག
འབྲི་ཆུ་འགག་ནས་མི་མང་གི་སྡོད་ཁང་མང་པོ་ཆུའི་འོག་ཐིམ་བཞིན་ཡོད་འདུག
བོད་འབྱོར།

བོད་ཀྱི་ཆམ་མདོ་ཁུལ་གྱི་འཇོ་མདའ་རྫོང་གི་སྤོ་ལོ་ཁུལ་དུ་མུ་མཐུད་ནས་ས་རུད་བྱུང་བའི་རྐྱེན་གྱིས་འབྲི་ཆུ་འགག་ཏེ་ཆུ་འཁྱིལ་བའི་རྐྱེན་གྱིས་ད་ལྟ་སྤོ་ལོ་དགོན་པ་ཡང་ཆུས་ནུབ་པའི་ཉེན་ཁ་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།  འདི་ག་རླུང་འཕྲིན་ཁང་དུ་བོད་ནས་གནས་ཚུལ་མཁོ་སྤྲོད་བྱུང་བར་གཞིགས་ན། ཕྱི་ཟླ་༡༠ པའི་ཚེས་༡༡ ཉིན་བོད་ཀྱི་སྤོ་ལོ་ས་གནས་ཀྱི་འབྲི་ཆུ་རྒྱུགས་ཡུལ་དུ་ས་རུད་ཀྱི་གནོད་འཚེ་བྱུང་བའི་རྐྱེན་གྱིས་ཉེ་འཁོར་དུ་གནས་པའི་བོད་མིའི་སྡོད་ཁྱིམ་མང་པོ་ཆུའི་འོག་ཏུ་ཚུད་ནས་དཔལ་འབྱོར་ལ་གྱོང་གུད་ཐེབས་ཡོད་པའི་གནས་ཚུལ་བྱུང་ཡོད་ལ་། སྐབས་དེ་དུས་སྤོ་ལོ་ཁུལ་གྱི་མང་ཚོགས་དང་སློབ་གྲྭ་ཁག་ས་གནས་གཞན་དུ་ཉེན་ཡོལ་དུ་སྤོས་ནས་ཕྲལ་སེལ་སྡོད་སྒར་སོགས་ཀྱི་ནང་སྡོད་དགོས་པའི་གནས་ཚུལ་ཡོད་མུས་མ་ཟད།  ཕྱི་ཟླ་ ༡༡ ཚེས་ ༣ ཉིན་སླར་ཡང་འབྲི་ཆུའི་གཡས་གཡོན་གྱི་རི་བོར་ས་རུད་ཐེངས་གཉིས་པ་རྒྱབ་པ་ཞིག་བརྒྱབ་པའི་རྐྱེན་གྱིས་འབྲི་ཆུ་འགག་ཏེ་ཆུ་འཁྱིལ་མཚེའུ་ཆགས་པ་དང་། འཁྱིལ་ཆུ་མུ་མཐུད་རྒྱ་ཆེ་རུ་འགྲོ་བཞིན་ཡོད་པ་དེ་ཉིན་རེ་བཞིན་མ་བསྡད་པར་མུ་མཐུད་ནས་ཆེར་རྒྱས་བཞིན་ཡོད་པར་བརྟེན་ད་ཆ་སྤོ་ལོ་དགོན་པ་ཆུའི་འོག་ཏུ་ནུབ་པའི་ཉེན་ཁ་ཆེན་པོ་ཡོད་འདུག  ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན་སྤོ་ལོ་དགོན་པའི་དགེ་འདུན་པ་རྣམས་ཉེན་ཡོལ་དུ་གནས་སྤོ་གནང་ཟིན་འདུག

གསར་འགོད་པ་ཀུན་བཟང་བསྟན་འཛིན་དང་ཟླ་བ་སྒྲོལ་མ།

མཆན། (0)
Share
དྲ་གནས་ཆ་ཚང༌།