ཀིརྟི་དགོན་པའི་གྲ་བློ་བཟང་བསྟན་འཛིན་ལགས་བཙོན་གྲོལ་བྱུང་འདུག


2018.06.06
མདོ་སྨད་རྔ་བ་ཀིརྟི་དགོན་པའི་གྲ་བློ་བཟང་བསྟན་འཛིན་ལགས། མདོ་སྨད་རྔ་བ་ཀིརྟི་དགོན་པའི་གྲ་བློ་བཟང་བསྟན་འཛིན་ལགས།
བོད་འབྱོར།

མདོ་སྨད་རྔ་བ་ཀིརྟི་དགོན་པའི་གྲ་བློ་བཟང་བསྟན་འཛིན་ལགས་མི་ལོ་བདུན་གྱི་རྗེས་བཙོན་གྲོལ་བྱུང་འདུག
དེ་ཡང་བོད་ནས་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། དེ་སྔ་སྤྱི་ལོ་༢༠༡༡་ལོར་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་གིས་མི་ལོ་བཅུ་ལ་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་མདོ་སྨད་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་བསྟན་འཛིན་ལགས་མི་ལོ་བདུན་གྱི་རྗེས་༢༠༡༨་ལོའི་ཟླ་༦་པའི་ཚེས་༥་ཉིན་བཙོན་གྲོལ་བྱུང་ནས་ཕྱིར་ཕ་ཡུལ་དུ་འབྱོར་ཡོད་པ་དང་། ད་ལྟ་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་དང་དུས་ཚོད་སྔ་སྣུར་གྱིས་བཙོན་གྲོལ་བྱུང་སྟངས་སོགས་ཀྱི་ཐད་གནས་ཚུལ་ཞིབ་ཕྲ་རག་ཁག་པོ་འདུག
གནས་ཚུལ་འདིའི་ཐད་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་སུ་འདྲི་རྩད་བྱས་སྐབས། ཁོང་གིས། བློ་བཟང་བསྟན་འཛིན་གློད་གྲོལ་བྱུང་བ་བདེན་པ་རེད་ཡིན་ཡང་གནས་ཚུལ་ཞིབ་ཕྲ་ད་དུང་ཤེས་རྟོགས་མ་བྱུང་གསུངས་བྱུང་།
གནས་ཚུལ་ལྟར་ན། སྤྱི་ལོ་༢༠༡༡་ལོའི་ཟླ་༨་པའི་ཚེས་༣༠་ཉིན་ཀིརྟི་དགོན་པའི་གྲ་བློ་བཟང་བསྟན་འཛིན་ལ་རྔ་བ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་རྫོང་མི་མང་ཁྲིམས་ཁང་ཟེར་བས་དེ་སྔ་རང་ལུས་མེར་སྲེག་གནང་མཁན་གྲ་ཕུན་ཚོགས་ལགས་གསོད་མཁན་ལག་རོགས་གྱི་ཉེས་མིང་གཡོགས་ནས་ལོ་ ༡༠ ལ་བཙོན་འཇུག་ཁྲིམས་ཐག་བཅད་པ་རེད།
ཀིརྟི་དགོན་པའི་གྲ་བློ་བཟང་བསྟན་འཛིན་ལགས་ནི་མདོ་སྨད་རྔ་བ་རྫོང་གཅའ་ཞང་ནག་ཚང་མའི་པདྨ་ཚང་གི་བུ་ཡིན་པ་དང་། ད་ལྟ་རང་ལོ་༢༨་ཙམ་ཡིན་པར་མ་མིང་ལ་བསོད་སྒྲོན་ཡིན་འདུག

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎