དམར་ཤོག་མའོ་ཚོགས་པས་བལ་ཡུལ་ནང་གཞུང་གསར་འཛུཊ་ཐབས།


2016.07.13
བལ་ཡུལ་རྒྱལ་སའི་སྲིད་གཞུང་ལས་ཁུངས། ༢༠༡༥།༨ བལ་ཡུལ་རྒྱལ་སའི་སྲིད་གཞུང་ལས་ཁུངས། ༢༠༡༥།༨
ཀླུ་འབུམ།/RFA

བལ་ཡུལ་གཞུང་གི་མནའ་འབྲེལ་ཚོགས་པའི་ཚོགས་མི་དམར་ཕྱོགས་མའོ་ཆབ་སྲིད་ཚོགས་པས་གཞུང་འཛིན་ཚོགས་པར་རྒྱབ་སྐྱོར་ཞུ་རྒྱུ་ཕྱིར་འཐེན་བྱས་ནས་ཆབ་སྲིད་ཚོགས་པ་གཞན་དང་ལྷན་དུ་གཞུང་གསར་པ་ཞིག་འཛུགས་ཐབས་བྱེད་བཞིན་ཡོད་འདུག
དེ་ཡང་བལ་ཡུལ་གྱི་ད་ལྟའི་གཞུང་འཛིན་ཚོགས་པའི་མནའ་འབྲེལ་མའོ་ཆབ་སྲིད་ཚོགས་པའི་བློན་ཆེན་རྣམ་པས་ཚེས་༡༢་ཉིན་དགོངས་ཞུས་ཀྱིས། སྲིད་བློན་K.P. Oli་མཆོག་ལ་རྒྱབ་སྐྱོར་ཞུ་རྒྱུ་ཕྱིར་འཐེན་བྱས་ཡོད་ལུགས་མའོ་ཚོགས་པའི་དཔོན་རིགས་མཐོ་གྲས་Krishna Bahadur Mahara་ནས་འགྲེལ་བརྗོད་བྱས་འདུག
ཡང་ཁོང་གིས། ཕྱིར་འཐེན་བྱེད་རྒྱུའི་ཐག་ཆོད་བྱེད་དགོས་དོན་ནི་ང་ཚོས་སྲིད་བློན་KP Oli་མཆོག་ལ་དེ་སྔ་མནའ་འབྲེལ་གཞུང་འཛིན་བྱ་རྒྱུའི་གྲོས་མཐུན་བྱུང་བའི་གནད་དོན་དེ་དག་ལག་ལེན་འགེལ་དགོས་པའི་འབོད་སྐུལ་རིམ་པ་ཞུས་ཀྱང་གསན་བཞེས་མ་གནང་བར་བརྟེན་གཟའ་ཟླ་བའི་ཉིན་ང་ཚོའི་ཚོགས་པའི་འགོ་འཁྲིད་Pushpa Kamal Dahal་མཆོག་ནས་སྲིད་བློན་མཇལ་འཕྲད་གནང་ནས་ཐག་ཆོད་གནང་བ་ཞིག་ཡིན་ལུགས་འགྲེལ་བཤད་གནང་འདུག
སྲིད་བློན་Oli་མཆོག་གིས་རྩ་ཁྲིམས་ཀྱི་ནང་དོན་དང་འབྲེལ་བའི་ཐོག་བལ་ཡུལ་ལྷོ་ཕྱོགས་ཁུལ་དཀའ་རྙོག་ཡོད་པ་དེ་སེལ་ཐུབ་མེད་པ་དང་། དེ་བཞིན་སྔ་ལོ་ས་ཡོམ་ཤུགས་ཆེ་རྒྱབ་ནས་ཁང་པ་དང་། འགྲོ་ལམ་སོགས་གཏོར་སྐྱོན་ཕྱིན་པ་རྣམས་བསྐྱར་གསོ་གནང་ཐུབ་མེད་པའི་སྐྱོན་བརྗོད་ཡང་ཞུས་འདུག
འོན་ཀྱང་སྲིད་བློན་Oli་མཆོག་གི་དྲིལ་བསྒྲགས་སློབ་སྟོན་པ་Pramod Dahal་གྱིས་མནའ་འབྲེལ་ཚོགས་པའི་རྒྱབ་སྐྱོར་ཕྱིར་འཐེན་བྱས་ཀྱང་སྲིད་བློན་མཆོག་ནས་དགོངས་ཞུ་གནང་རྒྱུའི་འཆར་གཞི་མེད་ལུགས་གསུངས་འདུག
ད་རེས་མའོ་ཚོགས་པས་རྒྱབ་སྐྱོར་ཕྱིར་འཐེན་བྱས་པ་དེས་གྲོས་ཚོགས་ནང་སྲིད་བློན་Oli མཆོག་གིས་སྣེ་འཁྲིད་པའི་གཞུང་འཛིན་ཚོགས་པར་གྲོས་ཚོགས་ནང་། འཐུས་མིའི་རྒྱབ་སྐྱོར་གྱི་གྲངས་ཚད་ཉུང་དུ་ཕྱིན་ཡོད་པ་རེད།
བལ་ཡུལ་ཆབ་སྲིད་སྐོར་འགྲེལ་བརྗོད་གནང་མཁན་Lok Raj Baral་ལགས་ཀྱིས། མའོ་ཆབ་སྲིད་ཚོགས་པས་གཞུང་འཛིན་ནས་དགོངས་ཞུ་བྱས་པ་དེས་གྲོས་ཚོགས་ནང་སྲིད་བློན་Oli མཆོག་ལ་ཡིད་ཆེས་མེད་པའི་འོས་བསྡུ་བྱེད་དགོས་ཆགས་སྲིད་པ་དང་། གལ་སྲིད་དེ་ལྟར་བྱུང་ཚེ་སྲིད་བློན་Oli་མཆོག་གི་དབུ་ཁྲིད་པའི་སྲིད་གཞུང་མཇུག་བསྒྲིལ་ཀྱི་རེད་ཅེས་གསུངས་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎