༧གོང་ས་མཆོག་དང་མཇལ་ན་རྒྱུ་མཚན་དང་ལྡན་པ་རེད།


2017-05-25
Share
རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་ཞུས་པའི་སྲིད་སྐྱོང་མཆོག་སྣེ་ལེན་འདུ་འཛོམས་སར། ༢༠༡༧།༥།༢༤ རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་ཞུས་པའི་སྲིད་སྐྱོང་མཆོག་སྣེ་ལེན་འདུ་འཛོམས་སར། ༢༠༡༧།༥།༢༤
Lhuboom/RFA

ཨ་རིའི་སྲིད་འཛིན་Trump མཆོག་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་པ་ཡིན་ན་དེ་ནི་རྒྱུ་མཚན་དང་ལྡན་པ་ཞིག་རེད་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུངས་འདུག
དེ་ཡང་འདི་ཚེས་༢༤་ཉིན་འདི་ག་ཨ་རིའི་རྒྱལ་སའི་(Heritage Foundation) ཞེས་པའི་མཁས་པའི་ཞིབ་འཇུག་ལྟེ་གནས་ཁང་དུ། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་དོན་དང་འབྲེལ་བའི་གཏམ་བཤད་གནང་སྐབས། ཨ་རིའི་སྲིད་འཛིན་Trump མཆོག་གིས་ཉེ་ཆར་Saudi Arabia དང་། Israel དེ་བཞིན་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་ལྟེ་གནས་Vatican བཅས་སུ་འཚམས་གཟིགས་ལ་ཕེབས་ཡོད་པ་དང་། གལ་ཏེ་ཁོང་གིས་འཛམ་གླིང་གི་ཆོས་ལུགས་ཚང་མའི་དབུ་ཁྲིད་དང་མཇལ་འཕྲད་གནང་གི་ཡོད་ན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ནང་གི་སྙན་གྲགས་ཆེ་ཤོས་ཀྱི་ནང་པའི་དབུ་ཁྲིད་ཅིག་ཡིན་པ་བརྟེན། སྲིད་འཛིན་Trump མཆོག་གིས་༧གོང་ས་སྐྱབས་མགོན་
ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་དེ་ནི་རྒྱུ་མཚན་དང་ལྡན་པ་ཞིག་རེད་ལ་གང་མགྱོགས་མཇལ་འཕྲད་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་འདུག ཡིན་ནའང་སྲིད་སྐྱོང་མཆོག་གིས་དེ་འདྲའི་མཇལ་འཕྲད་གནང་སྲིད་མིན་སྐོར་དགོངས་ཚུལ་གང་ཡང་གསུང་མི་འདུག
དེ་བཞིན་སྲིད་སྐྱོང་མཆོག་གིས་ཚེས་༢༤་ཉིན་གྱི་དགོང་དྲོར་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་ཞུས་པའི་སྣེ་ལེན་འདུ་འཛོམས་སར། ༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་Donald Trump དབར་མཇལ་མོལ་ཡོང་ཐབས་གནང་དགོས་པ་དེ་གལ་ཆེན་པོ་ཡིན་ཚུལ་སོགས་གསུངས་གནང་བ་དང་། དེ་དང་མཉམ་སྤྱི་ནོར་༧གོང་ས་
སྐྱབས་མགོན་ཆེན་པོ་མཆོག་སྤྱི་ཟླ་བཞི་བའི་ནང་ཨ་རིར་འཚམས་གཟིགས་ཕེབས་རྒྱུའི་མཛད་འཆར་ཡོད་པའི་གནས་ཚུལ་ཞིག་ཁྱབ་ཡོད་ནའང་འདི་ལོའི་འགོ་སྟོད་དུས་འཁོར་དབང་ཆེན་དང་། དེ་ནས་རྒྱ་གར་བྱང་ཤར་Arunachal མངའ་སྡེའི་ཁུལ་ཆིབས་བསྒྱུར་བསྐྱངས་གནང་རྗེས་སྐུ་ངལ་གསོས་གནང་མཛད་ཕྱིར་ཨ་རིའི་ནང་གི་ཕྱི་ཟླ་༤པའི་མཛད་འཆར་ཕྱིར་འགྱངས་གནང་སྟེ་སྤྱི་ཟླ་༦པའི་ནང་༧གོང་ས་མཆོག་ཨ་རིར་ཕེབས་རྒྱུའི་མཛད་འཆར་ཡོད་པ་གསུངས་སོང་།

གསར་འགོད་པ་རིག་ལྡན་སྒྲོལ་མ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།