པདྨ་ཀུན་དགའ་ལགས་ཀྱིས་བོད་དོན་ཆེད་རྒྱང་རྒྱུག་ལས་འགུལ་སྐད་འབོད་དང་བཅས་མཇུག་སྒྲིལ།

2020-09-03
གློག་འཕྲིན།
མཆན།
Share
པར་བཀོད།
པདྨ་ཀུན་དགའ་ལགས་ཀྱིས་བོད་དོན་ཆེད་རྒྱང་རྒྱུག་ལས་འགུལ་སྤེལ་སྐབས། ༢༠༢༠།༩།༢
པདྨ་ཀུན་དགའ་ལགས་ཀྱིས་བོད་དོན་ཆེད་རྒྱང་རྒྱུག་ལས་འགུལ་སྤེལ་སྐབས། ༢༠༢༠།༩།༢
ཨྱོན།

ཁེ་ཎ་ཊའི་ནང་པདྨ་ཀུན་དགའ་ལགས་ཀྱིས་བོད་དོན་ཆེད་སྤྱི་ལེ་༤༠༠་ལྷག་གི་རྒྱང་རྒྱུག་ལས་འགུལ་རྒྱ་ནག་གི་ཚོང་འབྲེལ་དོན་གཅོད་ལས་ཁུངས་མདུན་སྐད་འབོད་དང་བཅས་མཇུག་སྒྲིལ་འདུག
འདི་ཟླའི་ཚེས་༢་བཙན་བྱོལ་བོད་མིའི་མང་གཙོ་དུས་ཆེན་ཉིན། རྒྱང་ཐག་སྤྱི་ལེ་༤༠༠་ལྷག་ལ་བོད་དོན་ཆེད་རྒྱང་བསྐྱོད་རྒྱང་རྒྱུག་གི་ལས་འགུལ་སྤེལ་མཁན་པདྨ་ཀུན་དགའ་ལགས། ཁེ་ཎ་ཊའི་རྒྱལ་ས་ཨོ་ཏྲ་ཝ་ནས་ཀྲོ་རོན་ཀྲོ་གྲོང་ཁྱེར་(St. George)་རུ་ཡོད་པའི་རྒྱ་ནག་གི་ཚོང་འབྲེལ་དོན་གཅོད་ལས་ཁུངས་མདུན་འབྱོར་ཡོད་པ་དང་། སྐབས་དེར་ས་གནས་བོད་མི་བརྒྱ་ཕྲག་བརྒལ་བས་ཕེབས་བསུ་བྱས་བ་དང་མཉམ། བོད་ནང་རང་དབང་དགོས་བ་དང་། འགྲོ་བ་མིའི་ཐོབ་ཐང་དགོས་པ། དེ་བཞིན་ཁེ་ཎ་ཊ་གཞུང་གི་ངོས་ནས་བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་དགོས་ཞེས་ངོ་སྤྲོད་སྐད་འབོད་བྱས་ཡོད་པ་རེད།
སྐབས་དེར་པདྨ་ཀུན་དགའ་ལགས་ཀྱིས། ཁོང་གིས་ཉིན་གྲངས་བརྒྱད་རིང་རྒྱང་ཐག་སྤྱི་ལེ་༤༠༠་ལྷག་བོད་དོན་ཆེད་རྒྱང་རྒྱུག་གནང་བའི་སྐབས། ས་གནས་བོད་རིགས་ཚོགས་པ་དང་མི་མང་ནས་རྒྱབ་སྐྱོར་གང་ཐུབ་གནང་བ་དང་། ས་གནས་ཀྱི་གཞོན་སྐྱེས་མི་ཉུང་བ་ཞིག་ཁོང་གི་རྒྱང་རྒྱུག་ལས་འགུལ་ནང་མཉམ་ཞུགས་གནང་བ་སོགས་ལ་ཐུགས་རྗེ་ཆེ་ཞུ་ཞོར། མ་འོངས་བར་བོད་ནང་གི་བོད་མི་ཚོའི་དཀའ་སྡུག་དང་རང་དབང་མེད་པའི་གནས་སྟངས་བཅས་མ་བརྗེད་པར་ངེས་པར་དུ་བོད་དོན་ལས་འགུལ་སྤེལ་དགོས་པའི་རེ་འདུན་ཞུ་བཞིན་ཡོད་པ་གསུང་བྱུང་།
སྐབས་དེར་གྲོས་ཚོགས་ཀྱི་འཐུས་མི་བུ་འཁྲིད་དཀར་པོ་ཆེ་ལགས་ནས། པདྨ་ཀུན་དགའ་ལགས་ཀྱི་བོད་དོན་ཆེད་བློས་གཏོང་དེ་འདྲ་ཞིག་གནང་ནས་ལས་འགུལ་སྤེལ་བར་རྒྱབ་སྐྱོར་བསྔགས་བརྗོད་གནང་བ་དང་། དེ་ནི་བོད་རིགས་གཞོན་སྐྱེས་རྣམས་ལ་དམིགས་དཔེ་དང་། བོད་ནང་གི་བོད་མིའི་མངོན་འདོད་བཅས་ལ་གཞིགས་ནས་སོ་སོའི་དམངས་གཙོའི་རང་དབང་བེད་སྤྱོད་གནང་བ་ཡིན་པ་བཅས་ཀྱི་གཏམ་བཤད་གནང་སོང་།

མཆན། (0)
Share
དྲ་གནས་ཆ་ཚང༌།