རྒྱ་གཞུང་ཉེན་རྟོག་པས་གྲྭ་བློ་བཟང་ལུང་རིགས་འཛིན་བཟུང་བྱས་ཡོད་པ།


2014-12-27
Share
རྒྱ་གཞུང་ཉེན་རྟོག་པས་གྲྭ་བློ་བཟང་ལུང་རིགས་འཛིན་བཟུང་བྱས་ཡོད་པ། རྒྱ་གཞུང་ཉེན་རྟོག་པས་གྲྭ་བློ་བཟང་ལུང་རིགས་འཛིན་བཟུང་བྱས་ཡོད་པ།
ཀ་ཉག་ཚེ་རིང༌།

༄༅༎ བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༤ ཟླ་༡༢ ཚེས་༢༧ ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་༢༦ ཉིན་གྱི་བོད་ནང་གི་དགོང་མོ་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་ལུང་རིགས། རང་ལོ་༢༠ ཡས་མས་ཡིན་པ་ཁོང་རྒྱ་གཞུང་ཉེན་རྟོག་པས་དགོན་པའི་ནང་ནས་འཛིན་བཟུང་གིས་བཙན་ཁྲིད་བྱས་ཡོད་ཀྱང་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་དང་། རྒྱུ་མཚན་སོགས་ཞིབ་ཕྲ་ཤེས་རྟོགས་བྱུང་མེད་པ་དང་། ཁོང་ནི་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་ལྔ་པའི་ཕ་རས་རས་དང་མ་ལྷ་མོ་སྒྲོན་གཉིས་ཀྱི་བུ་ཡིན་ཞིང་། ཆུང་ཆུང་སྐབས་ནས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་ཏེ་དེང་སྐབས་བློ་རིག་འཛིན་གྲྭ་ཡིན་འདུག༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།