དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཚོཊ་པ།


2017.01.05
དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཚོཊ་སྐབས། ༢༠༡༦།༡༢།༣༠ དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཚོཊ་སྐབས། ༢༠༡༦།༡༢།༣༠
ས་སྐྱའི་སྨོན་ལམ་ཐེབས་རྩ།/FB

དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོའི་སྐབས་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་སྤྱིན་བདག་ངོ་སྲུང་དང་དཔལ་འབྱོར་འདུ་འགོད་ཆེད་བསྟན་པ་བློས་གཏོང་མཁན་ཡོད་ཚོད་འདུག་པས་འདི་ལྟ་བུའི་བྱེད་ལས་ནི་དོན་ངོ་མའི་དམིགས་ཡུལ་དང་རྒྱབ་འགལ་དུ་སོང་ཡོད་པའི་སྐོར་གསུངས་འདུག
དེ་ཡང་༢༠༡༦་ཟླ་༡༢་ཚེས་༢༥་ནས་བཟུང་ཉིན་གྲངས་བཅུའི་རིང་བལ་ཡུལ་གྱི་མཐའ་མཚམས་གནས་མཆོག་ལུམ་བི་ནི་རུ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་སྐབས་༢༥་པ་ཚོགས་གནང་ཡོད་པ་དང་། ཚོགས་མགོན་དུ་༧གོང་མ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོ་ཆེ་མཆོག་དང་། གཞན་ཡང་མཁན་པོ་བླ་སྤྲུལ། དགེ་འདུན་པ་དང་བཙུན་མ་བཅས་ཁྱོན་འདུས་པ་བཞི་སྟོང་ལས་རྒལ་བ་དང་། ཕྱི་ནང་ཡུལ་གྲུ་གང་ས་ནས་ཕེབས་པའི་ཚོགས་བཅར་བ་དད་ལྡན་སྐྱེ་བོ་ཕོ་མོ་༣༠༠༠་ལས་བརྒལ་བ་འདུ་འཛོམས་བྱུང་འདུག
བོད་ཀྱི་དུས་བབ་ཀྱིས་གནས་ཚུལ་སྤེལ་བའི་ནང་། ཕྱི་ཟླ་༡༢་ཚེས་༣༠་ཉིན་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེ་སྨོན་ལམ་ཆེན་མོ་དབུ་འཛུགས་གནང་སྟེ་ལོ་ངོ་ཉེར་ལྔ་འཁོར་བའི་དུས་དྲན་སྲུང་བརྩི་གནང་པ་དང་། ཕྱི་ཚེས་༣༡་ཉིན། གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ནས་དད་ལྡན་སྐྱ་སེར་ཕོ་མོ་རྣམས་ལ་རྡོ་རྗེ་སེམས་པའི་དཀའ་དབང་བསྩལ་གནང་འདུག་ལ་བཀའ་དབང་སྐབས། ༧གོང་མ་རིན་པོ་ཆེ་མཆོག་གིས། མཁན་པོ་བླ་སྤྲུལ་དང་མི་མང་བཅས་ལ་སྤྱིར་སངས་རྒྱས་ཀྱི་བསྟན་པ་མི་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོའི་ཆེད་དུ། དཔལ་འབྱོར་འདུ་འགོད་གལ་ཆེན་ཡིན་ཡང་དཔལ་འབྱོར་འདུ་འགོད་དང་སྦྱིན་བདག་ངོ་སྲུང་གི་ཆེད་དུ་སངས་རྒྱས་ཀྱི་བསྟན་པ་བློས་གཏོང་མཁན་དེ་འདྲ་ཡོད་ཚོད་འདུག དེ་ལྟར་བྱས་ན། དོན་ངོ་མའི་དམིགས་ཡུལ་དང་རྒྱབ་འགལ་དུ་སོང་བས། ལས་གང་བྱས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་རྒྱབ་འགལ་དུ་མ་སོང་བར་ཐུགས་ཁུར་གཙོར་བཞེས་གནང་གལ་ཤིན་ཏུ་ཆེ་བ་དང་། སྤྱིར་སངས་རྒྱས་ཀྱི་བསྟན་པ་ལུང་རྟོགས་གཉིས་ཀྱི་སྒོ་ནས་འཛིན་དགོས་དུས་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་མཐར་ཕྱིན་པ་གནང་རྒྱུ་གལ་ཆེན་ཡིན་པ་དང་། ཁྱད་པར་དུ་ཕྱིའི་ཀུན་སྤྱོད་ན་བཟའ་མནབ་སྟངས་ཡན་ཆད་བསྟན་པ་སྤྱི་ལ་ རྨ་མི་འབྱིན་པར་ཐུགས་སྣང་གནང་རྒྱུ་གལ་ཆེན་ཡིན་པའི་བཀའ་སློབ་བསྩལ་གནང་མཛད་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཉག་ཆུ་རྫོང་གི་རི་ངོས་སུ་སླར་ཡང་མེ་སྐྱོན་ཤུགས་ཆེན་ཤོར་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎