ཤིན་ཅང་ནང་གི་གྱོད་དོན་ཁག་ཐག་གཅོད་ནན་མོ་བྱ་དགོས།

2014-12-19
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གིས་ཤིན་ཅང་ཁུལ་དུ་དྲག་དྲག་གི་རྣམ་པ། ༢༠༡༤།༦།༣༠
རྒྱ་ནག་གིས་ཤིན་ཅང་ཁུལ་དུ་དྲག་དྲག་གི་རྣམ་པ། ༢༠༡༤།༦།༣༠
AFP

རྒྱ་ནག་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་ཤར་ཏུར་ཀི་སི་ཐན་ནམ་ཤིན་ཅང་ནང་གི་གྱོད་དོན་ཁག་ཐག་གཅོད་ནན་པོ་བྱ་དགོས་བ་བརྗོད་འདུག
དེ་ཡང་རྒྱ་ནག་གི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཀྲའུ་ཇང་གིས་ཕྱི་ཚེས་༡༨ཉིན་རྒྱ་ནག་རྒྱལ་ཡོངས་ཀྱི་ཤིན་ཅང་ས་གནས་ཁྲིམས་ཁང་གི་ལས་དོན་ལ་རོགས་སྐྱོར་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཐེངས་གསུམ་པའི་ཐོག་གཏམ་བཤད་སྤེལ་བའི་ནང་། ཁྲིམས་འཛིན་ལས་རིགས་ཀྱིས་ཤིན་ཅང་ས་གནས་ཁྲིམས་ཁང་གི་ལས་དོན་ཁག་ལ་རོགས་རམ་བྱ་རྒྱུའི་ཁྱོན་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་མ་ཟད་། ཤིན་ཅང་དང་འབྲེལ་བའི་གྱོད་དོན་ཁག་གི་ཐོག་དོ་ནན་དང་། ཡིད་གཟབ་ཀྱིས་ཐག་གཅོད་བྱས་ནས་ཤིན་ཅང་སྤྱི་ཚོགས་ནང་རྒྱུན་རིང་གི་བརྟན་ལྷིང་སྲུང་སྐྱོབས་བྱ་དགོས་ལུགས་བཤད་ཡོད་པ་དང་། རྒྱ་ནག་གི་ཆེས་མཐོའི་ཁྲིམས་དཔོན་ཀྲའུ་ཇང་གིས། རྒྱ་ནག་རྒྱལ་ཡོངས་སུ་ཁྲིམས་ཁང་ཁག་གི་ལས་དོན་སྤེལ་ཕྱོགས་གཅིག་མཚུངས་ཡོང་ཐབས་བྱས་ནས་ཤིན་ཅང་ས་གནས་ཀྱི་ཁྲིམས་འཛིན་ལས་དོན་ཐོག་རོགས་སྐྱོར་གྱི་ལས་དོན་སྤེལ་བའི་ནང་ལྷག་པར་འབུར་ཐོན་གྱི་གནས་ཚུལ་བཏོན་དགོས་པའི་ཁར་  ཁྲིམས་ཞིབ་ལས་དོན་གྱི་ནུས་པ་མཐོ་རུ་བཏང་ནས་ཤིན་ཅང་ཁྲིམས་ཁང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་དང་། མི་རིགས་དབར་གྱི་མཐུན་སྒྲིལ་ལ་གཏོར་བཤིག སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་པའི་འཇིགས་སྐུལ་དྲག་སྤྱོད་ཀྱི་གྱོད་དོན་ཁག་གི་ཐོག་ཐག་གཅོད་ནན་པོ་དང་མགྱོགས་མྱུར་བྱ་དགོས་ལུགས་སོགས་བརྗོད་ཡོད་འདུག

གསར་འགོད་པ་འཆི་མེད།

མཆན། (0)
Share
དྲ་གནས་ཆ་ཚང༌།