རྒྱ་དཀར་ནག་གི་ས་མཚམས་གྲོས་མོལ་ལ་དོན་འབྲས་བྱུང་མེད།

ཉེ་ལམ་རྒྱ་དཀར་ནག་ས་མཚམས་ཀྱི་གྲོས་མོལ་ཞེས་པ་དེ་དོན་འབྲས་ལྡན་པ་ཞིག་གཏན་ནས་བྱུང་མེད་སྐོར་གནས་ཚུལ་གསལ་བཏོན་གནང་བ།

2012.01.30

༄༅༎ཉེ་ལམ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཚོགས་པའི་རྒྱ་དཀར་ནག་ས་མཚམས་ཀྱི་གྲོས་མོལ་ཞེས་པ་དེ་དོན་འབྲས་ལྡན་པ་ཞིག་གཏན་ནས་བྱུང་མེད་སྐོར་དབྱིན་ཇིའི་གསར་ཤོག་ཅིག་གིས་གནས་ཚུལ་གསལ་བཏོན་གནང་ཡོད་པ་རེད་
ཉེ་ལམ་ཕྱི་ཚེས་ ༡༧ ཉིན་མཇུག་བསྒྲིལ་གནང་བའི་རྒྱ་དཀར་ནག་གི་ས་མཚམས་ཀྱི་གྲོས་མོལ་ཐེངས་ ༡༥ པ་ཞེས་པ་དེ་ཕྱོགས་གཉིས་ཀས་དོན་འབྲས་གང་འཚམ་སོན་པ་ཞིག་བྱུང་སྐོར་གཏམ་བཤད་གནང་ཡང་དབྱིན་ཇིའི་ཌེ་ལི་མེལ་(Daily Mail)ཞེས་པའི་གསར་ཤོག་དེས་གནས་ཚུལ་སྤེལ་བའི་ནང་རྒྱ་ནག་གི་ངོས་ནས་ད་ལྟ་རྒྱ་གར་གྱི་ཨ་རུ་ན་ཅལ་པཱར་རྡེཤ་ཞེས་པའི་མངའ་སྡེ་དེའི་ཁོངས་ཀྱི་སའི་ཐོབ་ཐང་རྩོད་པའི་དབང་གིས་གྲུབ་འབྲས་སོན་རྒྱུ་ཕར་བཞག་དཀའ་རྙོག་དེ་སོར་གནས་སུ་ལུས་ཡོད་པ་རེད་ གོང་ཞུས་དབྱིན་ཇིའི་གསར་ཤོག་གི་གནས་ཚུལ་དེ་རྒྱ་དཀར་ནག་གི་ས་མཚམས་ཐོག་གྲོས་མོལ་གནང་མཁན་རྒྱ་གར་གྱི་སྲུང་སྐྱོབ་སློབ་སྟོན་པ་སྐུ་ཞབས་ཤིལྦ་ཤན་ཀང་མེ་ནོན་དང་རྒྱ་ནག་གི་བློན་ཆེན་ལྷན་ཚོགས་ཀྱི་སློབ་སྟོན་པ་དའི་སྦང་སྒོ་བར་གྱི་གྲོས་མོལ་ཐོག་རྒྱུས་མངའ་ཡོད་པའི་མི་སྣའི་བརྒྱུད་ནས་གནས་ཚུལ་ཤེས་རྟོག་བྱུང་སྐོར་གསུང་ཡོད་པ་རེད་ ཡང་དབྱིན་ཇིའི་གསར་ཤོག་དེས་གནས་ཚུལ་འབྱུང་ཁུངས་ལུང་འདྲེན་གནང་བའི་ནང་རྒྱ་ནག་གི་སྐུ་ཚབ་དའི་སྦང་སྒོ་ཡིས་འཇམ་མཁས་ཐོག་རྒྱ་གར་གྱི་སྐུ་ཚབ་མེ་ནོན་ངོས་ནས་རྒྱ་གར་གྱི་ས་ག་ཚོད་རྒྱ་ནག་ལ་ཕྱིར་སློག་གནང་འདོད་ཡོད་མིན་འདྲི་རྩད་གནང་སྐབས་རྒྱ་གར་གྱི་སྐུ་ཚབ་པ་ཧང་སང་དགོས་པའི་གནས་ཚུལ་བཟོས་སྐོར་ལུང་འདྲེན་གནང་འདུག རྒྱ་གར་གྱི་སྐུ་ཚབ་སྐུ་ཞབས་མེ་ནོན་ཡིས་ཡུལ་གཉིས་ཀྱི་ས་མཚམས་ཀྱི་གྲོས་མོལ་གྱི་དགོངས་གཞིར་གཞི་བཞག་ནས་ས་མཚམས་ཀྱི་གྲོས་མོལ་དེ་ཕྱོགས་གཉིས་ཀྱི་ཤར་ཕྱོགས་དང་ནུབ་ཕྱོགས་དེ་བཞིན་དབུས་ཕྱོགས་ཀྱི་ས་མཚམས་ཆ་ཚང་དགོངས་པ་ཞེས་པ་ལས་ས་མཚམས་ཀྱི་ཕྱོགས་གཅིག་རང་ཐོག་གྲོས་མོལ་གནང་རྒྱུ་དེ་ཐོག་མའི་ཐུན་མོང་གི་དགོངས་གཞི་དེ་འགལ་གྱི་ཡོད་སྐོར་གླེང་ཡོད་པ་རེད་           

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་དོན་ཞུ་གཏུག་མཐུན་ཚོགས་ནས་རྒྱ་གར་གྲོས་ཚོགས་གོང་འོག་ནང་བོད་དོན་གླེང་སློང་ཡོང་ཆེད་ལྡི་ལིར་བོད་དོན་ཞུ་གཏུག་གནང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎