རྒྱ་ནག་གཞུང་གིས་ནད་ཡམས་ཀྱི་འགོག་ཁབ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་གཏོང་བཞིན་པ་ཐེ་ཝན་གྱིས་སྐྱོན་བརྗོད།

2021.06.03
རྒྱ་ནག་གཞུང་གིས་ནད་ཡམས་ཀྱི་འགོག་ཁབ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་གཏོང་བཞིན་པ་ཐེ་ཝན་གྱིས་སྐྱོན་བརྗོད། ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་(Joseph Wu)
AFP

རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཚོས་ཆབ་སྲིད་ཀྱི་ཁེ་ཕན་ཐོབ་རྒྱུ་དང་ཐེ་ཝན་ལ་གནོན་ཤུགས་ཆེ་རུ་གཏོང་ཐབས་སུ་དམིགས་ཏེ་ཏོག་དབྱིབས་ནད་ཡམས་ཀྱི་འགོག་ཁབ་བེད་སྤྱོད་ལོག་པར་གཏོང་གི་ཡོད་པ་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་གྱིས་གསུངས་འདུག
དེ་ཡང་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་(Joseph Wu)་ལགས་ཀྱིས། རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཚོས་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འགྲོ་བཞིན་པ་བེད་སྤྱོད་ལོག་པར་བཏང་སྟེ། རང་གི་ཆབ་སྲིད་གྲོས་གཞི་ཁག་གཞན་ལ་བཙན་བཀེལ་བྱ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་པ་སོགས་འདི་ཚེས་༣་ཉིན་དྲ་རྒྱ་བརྒྱུད་ནས་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོའི་ནང་གསར་འགོད་ལྷན་ཚོགས་ཐོག་གསུངས་འདུག
ད་དུང་ཁོང་གིས་ལྷག་པར་དུ་རྒྱ་ནག་སྐམ་སའི་དཔོན་རིགས་ཚོས་རྒྱ་ནག་ནང་བཟོས་པའི་ཏོག་དབྱིབས་ནད་ཡམས་ཀྱི་སྔོན་འགོག་སྨན་ཁབ་ཁག་བེད་སྤྱོད་ལོག་པར་བཏང་སྟེ་ཕྱི་འབྲེལ་བྱེད་མུས་ཡིན་པ་དེ་དག་གིས། དབུས་དང་ལྷོ་ཨ་མི་རི་ཀའི་གླིང་ཕྲན་གྱི་རྒྱལ་ཁབ་ཁག་ཕན་ཚུན་མི་མཐུན་པ་བཟོས་བ་དང་། རྒྱ་ནག་གཞུང་གིས་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ནང་གནོན་ཤུགས་སྤྲོད་རྒྱུའི་གོ་སྐབས་འཚོལ་ཐབས་བྱེད་ཀྱི་ཡོད་པ་སྤྱི་དང་། ལྷག་དོན་དུ་རྒྱ་ནག་སྐམ་ས་དང་མཉམ་འབྲེལ་བྱེད་འདོད་ཡོད་པའི་རྒྱལ་ཁབ་ཁག་ལ་རྒྱ་ནག་ནང་བཟོས་པའི་ཏོག་དབྱིབས་ནད་ཡམས་ཀྱི་འགོག་ཁབ་གཙོས་པའི་ནད་ཡམས་དེར་གདོང་ལེན་བྱ་ཆེད་དགོས་ངེས་ཅ་དངོས་ཁག་དང་། དེ་བཞིན་འཛུགས་བསྐྲུན་གྱི་ལས་གཞི་ཁག་ལ་རོགས་དངུལ་སྔ་གཡར་བྱེད་ཀྱི་ཡོད་སྐོར་དང་། ད་དུང་རྒྱ་ནག་སྐམ་སས་རྒྱ་ནག་དང་མཉམ་འབྲེལ་བྱེད་མཁན་རྒྱལ་ཁབ་དེ་དག་གིས་ཐེ་ཝན་དང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ལ་གནོན་ཤུགས་སྤྲད་ནས་རྒྱ་ནག་གི་ཕྱོགས་ལ་འགུག་ཐབས་བྱེད་ཀྱི་ཡོད་པ་དང་། གཡོ་བྱུས་ཀྱི་བྱ་ངན་དེ་དག་བརྒྱུད་ནས་རྒྱ་ནག་གི་ཆབ་སྲིད་ཀྱི་ཁེ་ཕན་ཐོབ་ཐབས་བྱེད་ཀྱི་ཡོད་སྐོར་གསུངས་འདུག
རྒྱ་ནག་སྐམ་སས་ཡུལ་གྲུ་གཞན་ལ་རོགས་སྐྱོར་བྱེད་བཞིན་པ་དང་མཉམ་དུ། ཆབ་སྲིད་ཀྱི་ཆ་རྐྱེན་གང་ཡང་མེད་ལུགས་ཤོད་ཀྱི་ཡོད་རུང་། རྒྱ་ནག་གཞུང་གིས་ཐབས་ཇུས་དེ་རིགས་བེད་སྤྱོད་བྱས་ནས་ཉེ་དུས་ཐེ་ཝན་གྱི་མཐུན་ཕྱོགས་རྒྱལ་ཁབ་འགའ་ཤས་རང་གི་ཕྱོགས་སུ་ཁ་ལོ་བསྒྱུར་ཡོད་ལ། ཨ་མི་རི་ཀ་གཙོས་པའི་མང་གཙོའི་ལམ་ལུགས་ལྡན་པའི་རྒྱལ་ཁབ་ཁག་གི་གནོན་ཤུགས་རིམ་ཟད་གཏོང་ཐབས་བྱེད་ཀྱི་ཡོད་པ་རེད། ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་(Joseph Wu)་ཡིས་རྒྱ་ནག་སྐམ་སས་ཨེ་ཤི་ཡ་དང་ཨ་ཧྥི་རི་ཀ དེ་བཞིན་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་མང་པོར་བུ་ལོན་ནང་ལྷུང་བཅུག་པ་དང་། ལྐོག་ཟ་རུལ་སུངས་དང་མང་གཙོའི་ལམ་ལུགས་ལ་གནོད་སྐྱོན་བཏང་ཡོད་སྐོར་སོགས་ཀྱང་གསུངས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎