ཆབ་སྲིད་བཙོན་ཟུར་བསྟན་འཛིན་ཆོས་གྲགས་ལགས་སྐུ་གྲོངས་འདུག

2020-07-27
གློག་འཕྲིན།
མཆན།
Share
པར་བཀོད།
ཆབ་སྲིད་བཙོན་ཟུར་བསྟན་འཛིན་ཆོས་གྲགས་ལགས།
ཆབ་སྲིད་བཙོན་ཟུར་བསྟན་འཛིན་ཆོས་གྲགས་ལགས།
མཐུན་འགྱུར་པར་རིས།

ཆབ་སྲིད་བཙོན་ཟུར་བསྟན་འཛིན་ཆོས་གྲགས་ལགས་ཡུན་རིང་ནད་མནར་བྱུང་བ་སྨན་བཅོས་བྱས་ཀྱང་དྲག་སྐྱེད་མ་བྱུང་བར་སྐུ་གྲོངས་འདུག
བོད་ཀྱི་ཆབ་སྲིད་བཙོན་ཟུར་བསྟན་འཛིན་ཆོས་གྲགས་ལགས་འདི་ཚེས་༢༦་ཉིན། དགུང་ལོ་༧༩་ཐོག་རྡ་རམ་སཱ་ལའི་བདེ་ལེགས་སྨན་ཁང་དུ་སྐུ་གྲོངས་འདུག ཁོང་དང་དགོན་པ་གཅིག་པ་ཡིན་པ་ཕྱགས་རོགས་ཞུ་མཁན་ཚུལ་ཁྲིམས་ལགས་ཀྱི་གསུང་ན། དམ་པ་ཁོང་༢༠༡༩་ལོའི་ཕྱི་ཟླ་བཅིུས་པའི་ནང་གནས་མཆོག་རྡོ་རྗེ་གདན་དུ་འཁྲུས་ཁང་ནང་བརྡབ་སྐྱོན་བྱུང་རྗེས། བདེ་སྲུང་ལས་ཁུངས་ཀྱི་རོགས་རམ་བརྒྱུད་ནས་ཅན་རྡི་སྒར་དུ་སྨན་བཅོས་བྱས་བ་དང་། རྗེས་སུ་རྡ་སའི་བདེ་ལེགས་སྨན་ཁང་དུ་ཡུན་རིང་སྨན་བཅོས་བྱས་ཀྱང་དྲག་སྐྱེད་མ་བྱུང་བར་སྐུ་གྲོངས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
བསྟན་འཛིན་ཆོས་གྲགས་ལགས། ཕྱི་ལོ་༡༩༦༩་ལོར་བོད་མདོ་ཁམས་འབྲི་རུ་རྫོང་ཡོངས་སུ་རྒྱ་རྒོལ་སྒེར་ལངས་གཞི་རྒྱ་ཆེན་པོ་ཞིག་(མི་མང་གི་ཁྲོད་རྒྱ་ནག་གིས་བཏགས་པའི་མིང་སྟེ་“རེ་དགུ་ལོའི་ཟིང་འཁྲུག་”ཟེར་)་བྱུང་བའི་ནང་ཞུགས་ནས། རྒྱ་དམག་དང་འཐབ་འཛིང་བྱས་ན་ཡང་། འབྲི་རུའི་སྒེར་ལངས་ཆེན་པོ་དེར་ཕམ་ཉེས་བྱུང་སྟེ་སྒེར་ལངས་སྐབས་ཀྱི་དབུ་ཁྲིད་དང་དམག་མི་ཕལ་མོ་ཆེ་རྒྱ་དམག་གིས་བསད་རྨས་དང་འཛིན་བཟུང་བྱས་པ་ལྟར། ཁོང་ཡང་ལོ་དེའི་ཕྱི་ཟླ་༩ ་ནང་རྒྱ་དམག་གི་འཛིན་བཟུང་འོག་ཏུ་ཚུད། ཁོང་གིས་མི་ལོ་༡༡་ལྷག་གི་རིང་རྒྱ་ནག་གི་བཙོན་ཁང་རིམ་པའི་ནང་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་པའི་མཐར། ཕྱི་ལོ་༡༩༨༡ ་ཟླ་༤ ་ནང་བཙོན་གྲོལ་ཐོབ་ཡོད་འདུག
བཙོན་གྲོལ་བྱུང་རྗེས། ཁོང་གིས་ཕ་ཡུལ་དུ་དགོན་པ་བསྐྱར་བཞེངས་དང་། ལྷ་སར་རི་ཁྲོད་བསྐྱར་གསོ་སོགས་ཀྱི་དགེ་བའི་ལས་འབའ་ཞིག་ལ་འབད་པ་མ་ཟད། ཕྱི་ལོ་༡༩༩༦་ལོར་ཁོང་རྒྱ་གར་དུ་ཕེབས་འདུག
དམ་པ་ཁོང་ནི་ཕྱི་ལོ་༡༩༤༡་ལོར་བོད་མདོ་ཁམས་ནགས་ཤོད་འབྲི་རུ་རྫོང་ཁོངས་སུ་སྐུ་འཁྲུངས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།