༸གོང་ས་མཆོག་ནས་ཞི་བདེའི་ཐད་བཀའ་སློབ་གནང་བ་།

༸གོང་ས་མཆོག་གི་ཨ་མི་རི་ཀའི་ནང་ཞབས་སོར་བཀྲིན་འཁོད་པའི་མཛད་རིམ་ཁག་ལེགས་པར་གྲུབ་ཡོད་པ་རེད་

2008.04.23

༄༅༎བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་རིན་པོ་ཆེ་མཆོག་གིས་རེས་གཟའ་མིག་དམག་ཉིན་ཨ་རིའི་ནིའུ་ཡོག
ཧེ་མིལ་ཊེན་ ཞེས་པའི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་སློབ་ཕྲུག་དང་འབྲེལ་ཡོད་མི་མང་སྟོང་ཕྲག་ལྔ་ལྷག་འདུ་འཛོམས་ཀྱི་སར་ཞི་བདེའི་བཀའ་སློབ་གནང་བ་དང་བཅས་ཐེངས་འདིའི་༧གོང་ས་མཆོག་གི་ཨ་མི་རི་ཀའི་ནང་ཞབས་སོར་བཀྲིན་འཁོད་པའི་མཛད་རིམ་ཁག་ལེགས་པར་གྲུབ་ཡོད་པ་རེད་ཉེ་འགྲམ་ས་གནས་ཁག་ནས་ཀྱང་མི་མང་ཁྱོན་ཆེས་༧གོང་ས་མཆོག་མཇལ་བཅར་དང་བཀའ་སློབ་ཉན་པར་སླེབས་ཡོད་པ་དང་
སློབ་ཕྲུག་དང་མི་མང་ཚོས་༧གོང་ས་མཆོག་ལ་དགའ་མོས་དང་དད་གུས་ཤུགས་ཆེ་ཞུ་བ་དང་༧གོང་ས་མཆོག་གིས་བཀའ་གནང་བར་བྱམས་དང་སྙིང་རྗེའི་རྩ་བ་གཞི་རྩར་བཟུང་ནས་གཞན་ཕན་གྱི་བློ་བཟང་པོ་ཞིག་བསྐྱེད་དགོས་པ་དང་དེ་དང་ཕྱོགས་མཚུངས་བརྩེ་བ་དང་ཕན་ཚུན་གཅིག་གིས་གཅིག་ལ་གུས་བརྩེ་དང་དྲང་བདེན།
རེ་བ་སོགས་ཀྱི་སྐོར་དང་དེ་བཞིན་འཛམ་གླིང་འདིའི་ནང་འགྲོ་བ་མིའི་རིགས་ཀྱིས་བཟོས་པའི་དཀའ་ངལ་མང་པོ་ཞིག་ཡོད་པ་དེ་ཚོ་སེལ་ཐབས་ཀྱི་གདོང་ལེན་དང་འབད་བརྩོན་བྱ་དགོས་པའི་སྐོར་དང་ཚང་མ་སྡུག་ངལ་མི་འདོད་པ་བདེ་བ་འདོད་པ་གཅིག་མཚུངས་ཡིན་གཞན་ཕན་དང་གཞན་ལ་རོགས་རམ་བྱ་དགོས་པ་དེ་བཞིན་ན་གཞོན་ཚོ་ནི་མ་འོངས་པའི་རེ་བ་བཅོལ་ས་ཡིན་ཙང་ལོ་ངོ་བརྒྱ་ཕྲག་ནས་བརྒྱ་ཕྲག་བར་བྱམས་བརྩེའི་སེམས་བཟང་ཞིག་ཡོང་ཐབས་བྱེད་དགོས་ཞེས་བཀའ་སློབ་གནང་ཡོད་པ་རེད་
ཡང་འདྲི་བ་ཞུ་མཁན་ཞིག་གིས་༧གོང་ས་མཆོག་གི་ཡུལ་བོད་ཀྱི་ཐད་ལ་༧གོང་ས་མཆོག་དགོངས་ཚུལ་ག་རེ་ཡོད་དམ་ཞེས་བཀའ་འདྲི་ཞུས་སྐབས་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་རིན་པོ་ཆེ་མཆོག་གིས་བཀའ་གནང་བར་ང་ཚོ་བོད་མི་ཚོས་རྒྱ་ནག་གཞུང་ལ་བོད་རང་བཙན་དགོས་ཡོད་ཟེར་གྱི་མེད་པ་རྒྱ་ནག་གི་ཆབ་འབངས་མངའ་འོག་ཚུད་པའི་བོད་རང་སྐྱོང་དོན་དང་ལྡན་པ་ཞིག་དགོས་པ་ཡོད་པ་འདི་འབད་བརྩོན་གནང་གི་ཡོད་ལུགས་བཀའ་གནང་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎