རྒྱ་རི་རིན་པོ་ཆེས་བོད་རྒྱའི་འབྲེལ་མོལ་སྐོར་གླེང་གནང་བ།

༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་བོད་རྒྱའི་འབྲེལ་མོལ་སྐོར་གླེང་མོལ་གནང་ཡོད་པ་རེད་

2010-11-24
Share

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་བོད་རྒྱའི་འབྲེལ་མོལ་སྐོར་གླེང་མོལ་གནང་ཡོད་པ་རེད་

སིང་ག་པོར་ནང་རྟེན་གཞི་བྱས་པའི་ལྷོ་ཨེ་ཤེ་ཡའི་ཞིབ་འཇུག་ལྟེ་གནས་ཁང་དུ་དེ་རིང་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་བོད་ཀྱི་གནད་དོན་ཐག་གཅོད་ཡོང་རྒྱུ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན་ལྟར་ན་ བཙན་བྱོལ་བོད་གཞུང་དང་རྒྱ་ནག་གཞུང་དབར་སྤྱི་ལོ་༡༩༧༩ལོ་ནས་ཐོག་མར་རྒྱ་ནག་གི་དབུ་ཁྲིད་ཏང་ཞའོ་ཕིང་གིས་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ལགས་དང་ལྷན་དུ་བོད་དོན་སྐོར་གྲོས་མོལ་གནང་ཡོད་པ་རེད་ དེ་ནས་རིམ་བཞིན་སྤྱི་ལོ་༡༩༨༢དང༡༩༨༤བཅས་མུ་མཐུད་བོད་རྒྱ་འབྲེལ་གྱི་གནད་དོན་ཐོག་རྒྱ་ནག་ལྷན་དུ་བཀའ་མོལ་གནང་ཡོད་པའི་སྐོར་གསུང་གནང་ཡོད་པ་རེད་

དེ་ནས་མུ་མཐུད་སྤྱི་ལོ་༡༩༨༥ནས་༡༩༩༣བར་རིམ་བཞིན་བོད་ནང་འཛུགས་སྐྲུན་ཡར་རྒྱས་ལས་གཞི་འགོ་བཙུགས་བྱས་པའི་སྐོར་དང་ སྤྱི་ལོ་༢༠༠༢ལོར་འབྲེལ་མོལ་མུ་མཐུད་བསྐྱར་གསོ་ཐུབ་པ་ནས་བཟུང་རྒྱ་ནག་གི་ཕྱོགས་ནས་གལ་ཆེའི་གནད་དོན་ཁག་ཅིག་གསལ་སྟོན་བྱས་པ་དང་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཏོན་ནང་མཛད་པའི་གཉིས་ཕན་དབུ་མའི་ལམ་གྱི་དགོངས་གཞི་དང་ བོད་དོན་ཐག་གཅོད་མ་བྱུང་བར་རྒྱ་ཁྱབ་ཆེ་བའི་ཤུགས་རྐྱེན་གྱི་མཇུག་འབྲས་ལ་སོགས་པའི་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག་ཨེ་ཤེ་ཡའི་ཞིབ་འཇུག་ལྟེ་གནས་ཁང་གིས་བོད་ཀྱི་གནད་དོན་ཐག་གཅོད་ཡོང་རྒྱུའི་ཆེད་དུ་ཆབ་སྲིད་ཀྱི་ཐབས་ལམ་བརྙེད་ཕྱོགས་ཐད་རྒྱ་ནག་གཞུང་དང་འབྲེལ་མོལ་ཇི་བྱས་སྐོར་གྱི་གྲོས་གླེང་བྱེད་སའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་གནང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།