རྒྱ་ནག་དམར་ཤོག་ཚོགས་པས་གང་སར་ལྟ་བ་ཁྱབ་སྤེལ་དང་སྐུ་ཚབ་བསྐོ་བཞག་བྱེད་ཀྱི་འདུག་ཟེར།


2020-06-10
Share
ལྷ་སའི་གཙུག་ལག་ཁང་གི་མདུན་དུ། ༢༠༢༠།༦ ལྷ་སའི་གཙུག་ལག་ཁང་གི་མདུན་དུ། ༢༠༢༠།༦
བོད་འབྱོར།

རྒྱ་ནག་དམར་ཤོག་ཚོགས་པས་བོད་ཐེ་བའི་གྲངས་ཉུང་མི་རིགས་དང་དེའི་སྡེ་ཁག་ནང་དམར་ཤོག་གི་ལྟ་བ་ཁྱབ་སྤེལ་དང་སྐུ་ཚབ་བསྐོ་གཞག་བྱེད་བཞིན་པའི་ཐད་དཔྱད་རྩོམ་སྤེལ་འདུག
རྒྱ་ནག་དམར་ཤོག་ཚོགས་པས་བོད་ཐེ་བའི་གྲངས་ཉུང་མི་རིགས་དང་། ཆོས་ལུགས་ལས་དོན།  ཚོང་དང་ཚན་རིག ཆབ་སྲིད་ལས་དོན་བཅས་ཀྱི་ནང་དུ། དམར་ཤོག་གི་ལྟ་བ་མཇུག་སྐྱོང་བྱེད་མཁན་གྱི་སྐུ་ཚབ་བསྐོ་གཞག་བྱེད་པ་དང་། མི་སྣ་དེ་དག་གིས་གྲངས་ཉུང་མི་རིགས་དང་ཆོས་ལུགས་སོགས་ཀྱི་ཚན་པ་ཁག་གི་སྐུ་ཚབ་མཚོན་པའི་ཐོག་ནས་བསམ་ཚུལ་སྨྲ་བརྗོད་ཆོག་གི་ཡོད་པའི་རྣམ་པ་སྟོན་གྱི་ཡོད་པ་དང་། ཚོགས་ཁག་དེ་དག་ནས་རྒྱ་ནག་དམར་ཤོག་ཚོགས་པར་ངོས་འཛིན་དང་བརྩི་བཀུར་ཡོད་པའི་རྣམ་པ་བསྐྲུན་ཐབས་བྱེད་པ། མདོར་ན། དམར་ཤོག་ཚོགས་པའི་ངོས་ནས་ཚོགས་ཁག་དེ་དག་གི་ཚབ་མཚོན་ཐབས་བྱེད་ཀྱི་འདུག་ཅེས་ཨོསུ་ཀྲེ་ལི་ཡའི་ཐབས་བྱུས་ཉམས་ཞིབ་བསྟི་གནས་ཁང་གི་ཉམས་ཞིབ་པ་(Alex Joske)་ལགས་ཀྱིས་དཔྱད་རྩོམ་སྤེལ་འདུག
བོད་ནང་དུ་ཆ་མཚོན་ནའང་གདན་ས་གྲྭ་ཚང་ཁག་དང་། དགོན་སྡེ་ཁག སྤྱི་མང་སྤྱི་ཚོགས་སོགས་ཆུང་ཚགས་སོ་སོའི་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་མི་སྣ་ཆེད་གཏོང་བྱེད་བ་དང་། དེང་སྐབས་བོད་ནང་དུ་རྒྱུན་ལྡན་གྱི་དམངས་ཁྲོད་བྱ་གཞག་དང་། ལྷག་པར་ཇ་ཁང་ཚུན་ཆད་ཀྱི་ནང་དུ་རྒྱ་ནག་གཞུང་དང་དམར་ཤོག་ཚོགས་པའི་སྐོར་ལ་གང་བྱུང་སྐད་ཆ་ཤོད་ས་མེད་པ་ཆགས་ཡོད། དམར་ཤོག་ཚོགས་པའི་ཆབ་སྲིད་དྲིལ་བསྒྲགས་ཀྱི་ཡིག་ཆ་ཁག་བློ་འཛིན་བྱས་དེ་ངག་སྐྱོར་བཏང་ན་མ་གཏོགས་དགོན་པའི་སྒྲིག་ཁོངས་སུ་འདུག་རྒྱུར་དཀའ་ངལ་ཆེན་པོ་ཆགས་ཡོད་པ། བོད་གནས་ཉམས་ཞིབ་པ་འཇམ་དཔལ་སྨོན་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ལས་དོན་འདི་དག་ཡོངས་རྫོགས་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བ་རྗེས་འབྲངས་བྱེད་མཁན་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་གིས་ལག་བསྟར་བྱེད་ཀྱི་ཡོད་ཅིང་། ཨོསུ་ཀྲེ་ལི་ཡའི་ཉམས་ཞིབ་པ་(Alex Joske)་ལགས་ཀྱིས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་དེ་དག་ནི་མགོ་བསྐོར་གཏོང་བའི་བྱ་སྤྱོད་ཡིན་པར་བརྗོད་པ་དང་། ད་ཆ་འཐབ་ཕྱོགས་གཅིག་གྱུར་གྱི་སྙོབས་ཚད་འདི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ལས་བརྒལ་ནས། ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཆབ་སྲིད་ཚོགས་པ་དང་། ཕྱི་སྡོད་རྒྱ་རིགས་སྤྱི་ཚོགས། ཚོང་འབྲེལ་སྒྲིག་འཛུགས་ཆེ་ཁག་གི་ནང་དུ་དམར་ཤོག་ཚོགས་པའི་ལྟ་གྲུབ་ཕྱིར་འདྲེན་ཁྱབ་སྤེལ་བྱེད་ཀྱི་ཡོད་པ་ཐེར་འདོན་བྱས་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།