ཧོང་ཀོང་དུ་བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ།

ཚེས་༢༠ཉིན་འཛམ་གླིང་ཁྱོན་ཡོངས་སུ་ཡོད་པའི་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་ཉིན་མོ་སྲུང་བརྩི་ཞུས་པ།

2012.06.22

༄༅༎ཕྱི་ཟླ་དྲུག་པའི་ཚེས་༢༠ རེས་གཟའ་ལྷག་པའི་ཉིན་འཛམ་གླིང་ཁྱོན་ཡོངས་སུ་ཡོད་པའི་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་ཉིན་མོ་སྲུང་བརྩི་ཞུས་པ་ལྟར། དེ་ཉིན་ཧོང་ཀོང་དུ་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།

དེ་རིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང༌། དེ་ཉིན་ཧོང་ཀོང་དུ་ཡོད་པའི་བོད་དོན་རྒྱབ་སྐྱོར་མཉམ་འབྲེལ་ཚོགས་པས། བོད་དོན་རྒྱབ་སྐྱོར་དང་བོད་ནང་གི་བོད་མི་ཚོའི་ཡ་ང་བའི་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་བ་དེ་ནི། ལྕམ་ཤུ་ཤེ་མན་གྱིས་སྣེ་ཁྲིད་ཏེ་བོད་དོན་རྒྱབ་སྐྱོར་བ་བཞི་བཅུ་ལྷག་ཙམ་ཧོང་ཀོང་དང་རྒྱ་ནག་མཉམ་སྦྲེལ་ལས་ཁང་གྱི་རྒྱལ་སྒོའི་མདུན་དུ་འདུ་འཛོམས་ཀྱིས་བོད་རྒྱལ་ཁབ་ཀྱི་རྒྱལ་དར་དང༌། བོད་ཀྱི་བདེན་དོན་ཆེད་དུ་རང་ལུས་མེ་བསྲེག་བཏང་མཁན་ཚོའི་སྐུ་པར་བསྒྲིགས་ཤོམ་བྱས་ཏེ། ལས་འགུལ་གྱི་ཐོག་མར། བོད་ཀྱི་བདེན་དོན་གྱི་ཆེད་དུ་རང་གི་གཅེས་པའི་ལུས་སྲོག་བློས་གཏོང་མཁན་འདས་སོན་ཡོངས་ཀྱི་ཆེད་དུ་མྱ་ངན་དང་གུས་འདུད་ངག་བཅད་སྐར་མ་གཅིག་གནང་བ་དང༌། དེ་རྗེས་ཁོང་ཚོས་ཉིན་དེའི་ལས་འགུལ་གྱི་ཐོག་ནས་རྒྱ་ནག་གཞུང་ལ་དགོས་འདུན་དོན་ཚན་བཞི་བཏོན་ཡོད་པ་ནི། དང་པོ། ཧོང་ཀོང་གི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་གྲོས་ཚོགས་ནང་བོད་དོན་གླེང་སློང་གནང་དགོས་པ་དང༌།  གཉིས་པ། རྒྱ་ནག་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་མི་སྣ་བོད་ནང་གི་དངོས་ཡོད་གནས་སྟངས་རྟོགས་ཞིབ་གནང་བར་ཆེད་གཏོང་བྱ་རྒྱུར་དང་ལེན་བྱ་དགོས་པ། གསུམ་པ། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་ཁ་པར་དང་དྲ་རྒྱ་སོགས་ལ་དམ་བསྒྲཌ་བྱེད་པའི་སྲིད་ཇུས་མཚམས་འཇོག་བྱ་དགོས་པ། བཞི་པ། རྒྱ་ནག་གཞུང་གིས་བོད་མི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་ཞེས་བཀོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་རྒྱུའི་མཛད་འཆར་ཁག་རེ་ཞིག་མཇུག་སྒྲིལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎