༧གོང་ས་མཆོག་གིས་བོད་ནས་ཕེབས་མཁན་ཚོར་མཇལ་ཁ་གནང་འདུག


2016.12.06
༧གོང་ས་མཆོག་གྱ་སྟོན་སྐབས། ༢༠༡༥།༦།༢༡ ༧གོང་ས་མཆོག་གྱ་སྟོན་སྐབས། ༢༠༡༥།༦།༢༡
OHHDL

ང་ཚོས་རྒྱ་ནག་མི་དམངས་དང་འཆམ་མཐུན་བྱས་ན་དགེ་མཚན་ཆེན་པོ་ཡོད་ཅེས་༧གོང་ས་མཆོག་གིས་བོད་ནས་ཕེབས་མཁན་ཚོར་བཀའ་གནང་འདུག
དེ་ཡང་ཕྱི་ཚེས་༦་ཉིན་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཟླ་འདིའི་ཕྱི་ཚེས་༡་གི་རྗེས་བོད་ནས་ཕེབས་པའི་བོད་མི་༨༠༠་ལྷག་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་གནང་མཛད་འདུག
སྐབས་དེར་༧གོང་ས་མཆོག་གིས། རྒྱ་ནག་ནང་ནང་པ་མང་པོ་ཡོད་པས་ང་ཚོས་རྒྱ་ནག་མི་དམངས་དང་འཆམ་མཐུན་བྱས་ན་དགེ་མཚན་ཆེན་པོ་ཡོད་པ་དང་། དེ་བཞིན་ཆབ་སྲིད་ཀྱི་ཐད་ནས་ང་ཚོས་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱེད་བཞིན་པ་དེར་རྒྱ་ནག་གི་ཤེས་ཡོན་ཅན་མང་པོས་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། རྒྱ་ནག་ནང་སྔ་ཕྱི་མ་གཏོགས་འགྱུར་བ་འགྲོ་གི་རེད། རྒྱ་ནག་གཞུང་གིས་བོད་མིའི་ཐོག་ཇི་ཙམ་གྱི་གདུག་རྩུབ་བྱས་ཀྱང་དེ་ཙམ་གྱི་བོད་མིའི་སྙིང་སྟོབས་ཤུགས་ཆེ་རུ་དང་བརྟན་དུ་འགྲོ་བཞིན་ཡོད་ཅེས་བཀའ་སློབ་བསྩལ་འདུག
དེ་བཞིན་ཡང་༧གོང་ས་མཆོག་ནས་བོད་ནས་ཕེབས་པའི་བོད་མི་རྣམས་ནི་ཆོས་ཞུ་བར་ཡོང་བ་ཞིག་ཡིན་པས། ཆོས་ཀྱི་རྩ་བ་དེ་སེམས་རྒྱུད་བཟང་པོ་བྱེད་རྒྱུ་དེ་རེད་ཅེས་སོགས་ཀྱི་བཀའ་སློབ་བསྩལ་འདུག
ཉེ་ཆར་ཕྱི་ཟླ་༡༡་པའི་ཚེས་༣༠་ཉིན་ལ་ཡང་༧གོང་ས་མཆོག་གིས་བོད་ནས་ཕེབས་པའི་བོད་མི་ཆིག་སྟོང་ཙམ་ལ་མཇལ་ཁ་གནང་སྟེ་རྒྱ་གཞུང་གི་ལས་བྱེད་ཁག་གཅིག་བསམ་བློ་གུ་དོག་པོ་ཡོད་ཀྱང་རྒྱ་མི་རིཊ་དང་མཉམ་དུ་འཆམ་མཐུན་བྱེད་དགོས་བ་སོགས་དེ་མཚུངས་ཀྱི་བཀའ་སློབ་བསྩལ་ཡོད་པ་རེད།
སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རིང་མིན་ཕྱི་ཟླ་༡༢་ཚེས་༨་ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ཆིབས་ཐོན་གྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ནང་ཆོས་དང་ཚན་རིག་གི་བགྲོ་གླེང་ཚོགས་མགོན་དུ་ཆིབས་བསྒྱུར་དང་། དེ་ནས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་དགུ་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་ནས་དགེ་བཤེས་མ་ཐོན་ཐེངས་དང་པོའི་བཙུན་མ་ཚོར་ཕྱག་འཁྱེར་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་ཡོད་འདུག།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ་དང་། ཀེ་ཐོ། བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎