ལག་འཁྱེར་སེར་པོའམ་ IC ཐོག་ཕྱི་རྒྱལ་དུ་བསྐྱོད་རྒྱུར་འགྱུར་བ།

2017-12-20
གློག་འཕྲིན།
མཆན།
Share
པར་བཀོད།
ལག་འཁྱེར་སེར་པོའམ་ IC ཐོག་ཕྱི་རྒྱལ་དུ་བསྐྱོད་རྒྱུར་འགྱུར་བ།
ལག་འཁྱེར་སེར་པོའམ་ IC ཐོག་ཕྱི་རྒྱལ་དུ་བསྐྱོད་རྒྱུར་འགྱུར་བ།
Photo: RFA

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གཞུང་ལ་རེ་སྐུལ་ཞུས་པ་ལྟར་རྒྱ་གར་གཞུང་གིས་བོད་མི་སྐྱབས་བཅོལ་བ་གང་ཞིག་ངོ་སྤྲོད་ལག་འཁྱེར་སྤ་སེ་སེར་པོའམ་ IC ཐོག་ཕྱི་རྒྱལ་དུ་བསྐྱོད་རྒྱུའི་འགྲིམས་འགྲུལ་སྟབས་བདེ་ཡོང་ཆེད་རྒྱ་གར་ནང་ཕྱིར་ལོག་ཐེངས་མ་འགའ་ཤས་བྱེད་ཆོག་པའི་ཐོང་ཆན་ཝི་ས་སྤྲོད་རྒྱུ་ཡིན་འདུག
ད་ལྟའི་སྐབས་པ་སེ་སེར་པོའམ་ IC འཁྱེར་ཐོག་རྒྱ་གར་ནས་ཕྱིའི་རྒྱལ་ཁབ་ཁག་ཏུ་བསྐྱོད་དེ་ཕྱིར་ལོག་བྱེད་སྐབས། སྐབས་སོ་སོར་རྒྱ་གར་གྱི་གཞུང་ཚབ་ཁང་ནས་སླར་ཡང་རྒྱ་གར་ནང་འཛུལ་ཆོག་པའི་ཐོང་ཆན་ཝི་ས་ཞུ་དགོས་ཀྱི་ཡོད་ཅིང་།
ད་ནས་བཟུང་རྒྱ་གར་གཞུང་གིས་རྒྱ་གར་ནང་གི་བོད་པ་སྐྱབས་བཅོལ་བ་གང་ཞིག་ཕྱི་རྒྱལ་དུ་བསྐྱོད་འདོད་ཡོད་མཁན་ཚོར་སྤྲོད་པའི་སྤ་སེ་སེར་པོ་ཡོད་མཁན་ཚོས། ཨ་རི་དང་ཁེ་ན་ཊའི་ནང་གི་རྒྱ་གར་གཞུང་ཚབ་ཁང་དང་རྒྱ་གར་གྱི་སྤ་སེའི་ལས་ཁུངས་ནས་ལོ་གཅིག་ནང་རྒྱ་གར་ནང་ཐེངས་མ་གཅིག་ལས་མང་བ་འཛུལ་ཆོག་པའི་ཐོངས་མཆན་Multiple Visa ཞུ་རྒྱུའི་སྙན་ཞུ་ཕུལ་ཆོག་གི་ཡོད་པའི་སྐོར་ཕྱི་ཟླ་༡༢ཚེས་༡༨ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གསལ་བསྒྲགས་སྤེལ་ཡོད་པ་རེད། འོན་ཀྱང་སྐྱབས་བཅོལ་བོད་མི་ཕྱི་རྒྱལ་དུ་མ་ཐོན་སྔོན་ས་གནས་ཉེན་རྟོག་ལས་ཁུངས་ནས་དགག་བྱ་མེད་པའི་ཆོག་མཆན་ཞུ་དགོས་ཀྱི་ཡོད་པའི་ཁྲིམས་ལུགས་ད་ལྟ་ཡང་གནས་མུས་ཡིན་འདུག
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

མཆན། (0)
Share
དྲ་གནས་ཆ་ཚང༌།