བོད་རང་བཙན་རྒྱ་གར་གྱི་བདེ་འཇགས་ཞེས་བའི་ལས་འགུལ་སྤེལ་འདུག


2017.08.11
བོད་ཀྱི་གཞོན་ནུ་ཚོགས་པས་སྣེ་ཁྲིད་ནས་ལྡི་ལིར་བོད་རང་བཙན་རྒྱ་གར་གྱི་བདེ་འཇགས་ཞེས་བའི་ལས་འགུལ་སྐབས། ༢༠༡༧།༨།༡༡ བོད་ཀྱི་གཞོན་ནུ་ཚོགས་པས་སྣེ་ཁྲིད་ནས་ལྡི་ལིར་བོད་རང་བཙན་རྒྱ་གར་གྱི་བདེ་འཇགས་ཞེས་བའི་ལས་འགུལ་སྐབས། ༢༠༡༧།༨།༡༡
དྲ་བཤུས།

བོད་ཀྱི་གཞོན་ནུ་ཚོགས་པས་སྣེ་ཁྲིད་ནས་ལྡི་ལིར་བོད་རང་བཙན་རྒྱ་གར་གྱི་བདེ་འཇགས་ཞེས་བའི་ལས་འགུལ་སྤེལ་འདུག
དེ་ཡང་དེང་སང་རྒྱ་དཀར་ནག་གཉིས་དབར་འབྲོག་ལམ་ས་མཚམས་ཀྱི་གནད་དོན་དང་འབྲེལ་བའི་རྙོག་ཁྲ་ཡོད་བཞིན་པའི་དུས་ཚོད་དང་བསྟུན་ནས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འདི་ཚེས་༡༡་གཟའ་པ་སངས་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་བོད་རང་བཙན་རྒྱ་གར་གྱི་བདེ་འཇགས་སམ་ཧིན་སྐད་ཐོག་(Tibet Ki Azaadi Bharat Ki Suraksha)་ཞེས་པའི་བརྗོད་གཞིའི་ཐོག་ལས་འགུལ་ཞིག་སྤེལ་འདུག
སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་ལགས་ནས། རྒྱ་ནག་གི་ངོས་ནས་དེང་སང་རྒྱ་གར་གྱི་ས་མཚམས་ཕྱོགས་གང་ས་ནས་སིམ་འཛུལ་དང་འཛུགས་སྐྲུན་རྒྱ་བསྐྱེད་གཏོང་བཞིན་ཡོད་པའི་གནས་ཚུལ་ངོ་སྤྲོད་གནང་བ་དང་སྦྲགས་རྒྱ་ནག་གིས་བོད་བཙན་བཟུང་བྱས་རྒྱ་གར་དང་རྒྱ་ནག་དབར་འཁོན་འཁྲུག་ཡོང་གི་ཡོད་པར་བརྟེན། རྒྱ་གར་གྱི་ངོས་ནས་ཀྱང་དེ་ལྟར་དགོངས་པ་བཞེས་པའི་ཐོག་ནས་བོད་མིའི་འཐབ་རྩོད་ལ་མུ་མཐུད་ནས་རྒྱབ་སྐྱོར་གནང་རོགས་གནང་ཞེས་འབོད་སྐུལ་ཞུས་འདུག

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཉག་ཆུ་རྫོང་གི་རི་ངོས་སུ་སླར་ཡང་མེ་སྐྱོན་ཤུགས་ཆེན་ཤོར་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎