ཨ་མི་རི་ཀ་དང་རྒྱ་ནག་གི་ཚོང་འབྲེལ་གྲོས་མོལ་སྐོར།

ཨ་རིའི་ཚོང་དོན་དང་སོ་ནམ་ལས་དོན་ཚན་པའི་དྲུང་ཆེ་རྣམ་གཉིས་ནས་རྒྱ་ནག་གི་སྲིད་བློན་གཞོན་པ་དང་མཇལ་འཕྲད་གནང་ཡོད་འདུག
2009-10-29
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎ཨ་རི་དང་རྒྱ་ནག་གཉིས་དབར་ཚོང་འབྲེལ་གྱི་གྲོས་མོལ་གནང་བཞིན་ཡོད་འདུག དེ་ཡང་ཨ་མི་རི་ཀའི་སྲིད་འཛིན་མཆོག་རིང་མིན་རྒྱ་ནག་ལ་འཚམས་འདྲི་གཟིགས་བསྐོར་མ་ཕེབས་པའི་གོང་ཙམ་ལ་ཨ་རིའི་ཚོང་དོན་དང་སོ་ནམ་ལས་དོན་ཚན་པའི་དྲུང་ཆེ་རྣམ་གཉིས་རྒྱ་ནག་ལ་ཕེབས་འབྱོར་བྱུང་བས་མ་ཟད་དེ་རིང་རྒྱ་ནག་གི་སྲིད་བློན་གཞོན་པ་དང་མཇལ་འཕྲད་གནང་ཡོད་འདུག ཨ་རིའི་ཚོང་དོན་དྲུང་ཆེ་མཆོག་གིས་དེ་རིང་ཨ་རི་དང་རྒྱ་ནག་གི་ཚོང་དོན་ལས་དོན་ཚོགས་ཆུང་གི་ཚོགས་མི་ཚོར་གསུངས་བཤད་གནང་བའི་ནང་ང་ཚོ་ཡུལ་གཉིས་དབར་མི་མཐུན་པའི་གནད་དོན་རིགས་ཡོང་སྲིད་པ་རེད། ཡིན་ནའང་དེ་དག་ནི་གྲོས་མོལ་བྱེད་པའི་བརྒྱུད་རིམ་ནས་ཡོང་གི་ཡོད་པ་ཞིག་ཡིན་དུས་འབྲེལ་བའི་ཁ་ཕྱོགས་བརྟན་པོ་ཞིག་ཡིན་པའི་རྟགས་མཚན་རེད་ཅེས་གསུངས་འདུག

དེ་དང་ཕྱོགས་མཚུངས་ཨ་རིའི་རྒྱ་ནག་གི་ཚོང་དོན་སྐུ་ཚབ་རོན་ཀརྐ་གྱིས་ང་ཚོས་ལས་འཆར་རིགས་སྔོན་ཚུད་ནས་འཆར་བཀོད་བྱེད་ཐུབ་པ་ཡིན་ན་ལས་དོན་སྤེལ་བའི་སྐབས་དཀའ་རྙོག་དེ་དག་སེལ་ཐུབ་པ་ཡོང་རྒྱུ་ཡིན་པ་ལས་དེ་མིན་སྐབས་མཚམས་སུ་རྙོག་དྲའི་རིགས་ཡོ་སྲང་བྱེད་རྒྱུར་དུས་ཚོད་ཆུད་བཟོས་འགྲོ་གི་ཡོད་ལུགས་གསུངས་འདུག

ཉེ་ཆར་ཨ་རི་དང་རྒྱ་ནག་གཉིས་དབར་ཕྱི་ཚོང་ནང་འདྲེན་བྱེད་རྒྱུའི་གནད་དོན་ཁག་ཅིག་ཐོག་རྩོད་རྙོག་བྱུང་ཡོད་རེད་ལ་རྒྱ་ནག་ནས་སྲིད་འཛིན་ཨོ་སྦ་མའི་སྲིད་བྱུས་ལ་སྐྱོན་བརྗོད་ཞུས་ཡོད་རེད།

འོན་ཀྱང་ད་ཆ་ཚོང་དོན་ཚན་པའི་དབར་གྲོས་མོལ་དང་ལྷག་པར་དུ་ཨ་རིའི་སྲིད་འཛིན་མཆོག་རིང་མིན་རྒྱ་ནག་ལ་འཚམས་འདྲི་གཟིགས་བསྐོར་ཐོག་མ་དེ་གནང་རྒྱུ་ཡིན་པ་བཅས་ནས་ཡུལ་གཉིས་ཀྱི་འབྲེལ་ལམ་ཡག་ཏུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།