རྒྱལ་སྤྱིས་བོད་ཀྱི་གནད་དོན་ཐོག་དོགས་ཟོན་བྱེད་བཞིན་པ།

དཔལ་འབྱོར་གྱི་འབྲེལ་ལམ་ལ་མི་གནོད་ཆེད་རྒྱ་ནག་གཞུང་གིས་བྱ་སྤྱོད་ལ་སྐྱོན་བརྗོེད་བྱ་རྒྱུར་དོགས་ཟོན་བྱེད་བཞིན་པ།

2012.02.01

༄༅༎དཔལ་འབྱོར་གྱི་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་པའི་རྒྱ་ནག་མཉམ་ཚོང་འབྲེལ་དང་ཕྱི་འབྲེལ་གཞུང་ཚབ་ཀྱི་འབྲེལ་ལམ་ཡོད་པའི་རྒྱལ་སྤྱིའི་ཡུལ་ཁག་ཚོས་རྒྱ་ནག་ཁོང་ཁྲོ་མི་ལངས་བའི་དོན་དུ་ བོད་པའི་གནད་དོན་ཐད་དོགས་ཟོན་ཆེན་པོ་བྱེད་བཞིན་ཡོད་ལུགས་གནད་དོན་དབྱེ་ཞིབ་པ་ཚོས་དཔྱད་པ་གནང་འདུག
ལྷག་པར་དུ་༢༠༠༨ལོར་བོད་ས་ཁྱོན་ཡོངས་ལ་བོད་མིའི་ཞི་རྒོལ་སྒེར་ལངས་ཐོག་རྒྱ་གཞུང་གིས་དྲག་གནོན་བྱས་པའི་བྱ་སྤྱོད་ལ་ ནུབ་ཕྱོགས་རྒྱལ་ཁབ་ཚོས་བློ་འཚབས་ཆེན་པོ་གནང་ཡོད་ནའང༌། ད་ལྟའི་སྐབས་འདིར་ནུབ་ཕྱོགས་རྒྱལ་ཁབ་ཚོ་ཁུ་སིམ་པོར་བཞུགས་ཡོད་པ་རེད།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་གིས་ བོད་ཤར་ཕྱོགས་ཟི་ཁྲོན་ཞིང་ཆེན་ཁུལ་བདུན་སྔོན་མ་རྒྱ་མིའི་ཉེན་རྟོག་པས་བོད་པའི་ཐོག་མེ་མདའ་བརྒྱབ་ནས་བོད་མི་དམར་བསད་བཏང་བའི་དོན་རྐྱེན་དེའི་རིགས་བསྐྱར་དུ་མི་ཡོང་བའི་དོན་དུ་རྒྱལ་སྤྱིའི་ཡུལ་ཁག་ཚོས་ཐུགས་འཁུར་བཞེས་ནས་ཐེ་གཏོགས་གནང་དགོས་རྒྱུའི་འབོད་སྐུལ་ལ་ད་བར་ཕྱིའི་རྒྱལ་ཁབ་སུས་ཀྱང་རྣ་བར་བཏང་མེད་པ་རེད། ཕ་རེན་སི་རྒྱལ་ས་པེ་རིསི་ནང་རྟེན་གཞི་གནང་བའི་ཞིབ་འཇུག་བསྟི་གནས་ཁང་ཞིག་གི་ནང་བོད་རིག་པར་མཁས་པ་
ཀེ་ཀྲི་ཡ་སྦ་ཕེཏ་རིལ་ ཡིས་ རྒྱ་ནག་དེ་བཞིན་དེང་སང་དཔལ་འབྱོར་གྱི་སྟོབས་ཤུགས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཞིག་ཡིན་དུས། ཁྲོམས་རྭའི་ནང་འཛུལ་རྒྱུའི་འདོད་པ་དེ་ཨང་དང་པོར་སླེབས་ཀྱི་ཡོག་རེད་ཅེས་གསུངས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་བཅར་བ་༢༠༠་ཙམ་ལ་མཇལ་ཁ་སྩལ་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎