བོད་རྒྱ་འབྲེལ་མོལ་ལ་དོན་ཕན་གྲུབ་འབྲས་གཅིག་ཀྱང་བྱུང་མེད།

འོད་ཟེར་ལགས་ཀྱིས་བར་མཚམས་ཆད་པའི་བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་རིམ་ལ་དོན་ཕན་སོན་པའི་གྲུབ་འབྲས་གཅིག་ཀྱང་ཐོན་མེད་གསུང་བ།

2012.06.25

༄༅༎བོད་ནང་གི་རྩོམ་པ་པོ་སྙན་གྲགས་ཅན་འོད་ཟེར་ལགས་ཀྱིས་བར་མཚམས་ཆད་པའི་བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་རིམ་ལ་དོན་ཕན་སོན་པའི་གྲུབ་འབྲས་གཅིག་ཀྱང་ཐོན་མེད་སྐོར་གསུངས་བཞག།

ཕ་ཡུལ་དྲ་རྒྱའི་གསར་ལམ་གྱིས་ རྩོམ་པ་པོ་འོད་ཟེར་ལགས་སུ་ ཉེ་དུས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་གཉིས་དགོངས་ཞུ་གནང་བའི་སྐོར་དྲི་བ་ཁག་གསུམ་ཕུལ་ཡོད་པར། འོད་ཟེར་ལགས་ཀྱིས་སྐུ་ཚབ་རྣམ་གཉིས་དགོངས་ཞུ་གནང་གི་མ་རེད་བསམ་པ་མེད་པ་དང༌། ཁོང་རྣམ་གཉིས་དགོངས་ཞུ་གནང་བ་དེར་ཡ་མཚན་སྐྱེས་མ་སོང་ཞེས་གསུངས་བཞག།

དེ་བཞིན་ སྐུ་ཚབ་རྣམ་གཉིས་ནས་མ་འོངས་པར་ཕན་ཐོགས་ཡོད་པའི་བྱས་རྗེས་ག་རེ་བཞག་གནང་ཡོད་མེད་སྐོར་གྱི་དྲི་བར། འོད་ཟེར་ལགས་ཀྱིས་ དྲང་པོ་དྲང་བཞག་བཤད་པ་ཡིན་ན་བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་རིམ་ནང་དོན་འབྲས་སོན་པའི་གྲུབ་འབྲས་གཅིག་ཀྱང་ཐོན་མེད་སྐོར་འགྲེལ་བརྗོད་གནང་འདུག།

ཟླ་བ་འདིའི་ཚེས་ཤར་ནང་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་དང༌། སྐལ་བཟང་རྒྱལ་མཚན་ལགས་རྣམས་གཉིས་ཀྱི་དགོངས་ཞུར་བཀའ་ཁྲོལ་གནང་ཡོད་པ་རེད། ༢༠༠༢ནས་བཟུང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་བོད་རྒྱ་འབྲེལ་མོལ་ཐེངས་དགུ་ཙམ་

སྣེ་འཁྲིད་གནང་མཁན་ དམིགས་བསལ་སྐུ་ཚབ་རྣམས་གཉིས་ནས་ བོད་ནང་གི་གནས་སྟངས་ཇི་ཞན་ཇེ་སྡུག་ཏུ་འགྲོ་གི་ཡོད་པ་དང༌། རྒྱ་ནག་གཞུང་གིས་ད་བར་བཟང་ཕྱོགས་ཀྱི་ལན་གང་ཡང་སྤྲད་ཀྱི་མེད་པར་འུ་ཐུག་གནང་བའི་རྒྱུ་མཚན་གསུངས་ཏེ་དགོངས་ཞུ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཡིས་དིང་རི་སླར་གསོ་བསྐྱར་སྐྲུན་དང་མཉམ་མཐའ་མཚམས་བརྟན་ལྷིང་གླེང་བར་གནད་དོན་དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་གནོད་ཐེབས་ས་ཁུལ་གྱི་བསྐྱར་གསོའི་ལས་དོན་ཆབ་སྲིད་ལ་སྦྱར་བར་སྐྱོན་བརྗོད་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎