རྒྱ་ནག་གི་སྲིད་འཛིན་ཞི་ནི་སྤྱི་ཚོགས་ལ་ཧ་ཅང་ཉེན་ཚབས་ཆེ་བའི་མི་སྣ་ཞིག་ཡིན་པའི་སྐྱོན་བརྗོད།


2019.01.25
ཞི་ཡི་སྲིད་དབང་རིང་དུ་གཏོང་རྒྱུར་དམིགས་པའི་ཐབས་ཇུས་ཐད་ཟུར་ཟའི་རི་མོ། ༢༠༡༨།༢།༢༦ ཞི་ཡི་སྲིད་དབང་རིང་དུ་གཏོང་རྒྱུར་དམིགས་པའི་ཐབས་ཇུས་ཐད་ཟུར་ཟའི་རི་མོ། ༢༠༡༨།༢།༢༦
RFA

ཨ་རིའི་འབྱོར་ལྡན་པ་ཞིག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་ནི་སྤྱི་ཚོགས་ལ་ཧ་ཅང་ཉེན་ཚབས་ཆེ་བའི་མི་སྣ་ཞིག་ཡིན་པ་རྒྱལ་སྤྱིའི་ལོ་འཁོར་དཔལ་འབྱོར་གླེང་སྟེགས་ཐོག་སྐྱོན་བརྗོད་གནང་འདུག
ཨ་རིའི་འབྱོར་ལྡན་པ་ཨ་སྒོར་ཐེར་འབུམ་མང་པོའི་བདག་པོ་དང་། དཔལ་འབྱོར་རོགས་རམ་ཤུགས་ཆེ་གནང་མཁན་ཨ་རི་བ་སྐུ་ཞབས་ཇོརཇ་སོ་རོསྀ་(George Soros)ལགས་ཀྱིས་སུད་ཛར་ལེན་ཌིའི་གྲོང་ཁྱེར་ཌ་ཝོསྀ་(Davos)ནང་བསྐོང་འཚོགས་བྱེད་བཞིན་པའི་རྒྱལ་སྤྱིའི་ལོ་འཁོར་དཔལ་འབྱོར་གླེང་སྟེགས་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་ནི། སྤྱི་ཚོགས་ལ་ཧ་ཅང་ཉེན་ཚབས་ཆེ་བའི་མི་སྣ་ཞིག་ཡིན་པའི་སྐྱོན་བརྗོད་གནང་འདུག་པར་མ་ཟད།  ད་དུང་ཁོང་གིས་རྒྱ་ནག་གིས་གསང་བའི་ལས་དོན་རྟོག་ཞིབ་ཆེད་དམིགས་པའི་མི་བཟོས་བཅོས་མའི་འཕྲུལ་ཆས་ནི་དབང་ཆ་གཅིག་སྡུད་ཀྱི་སྲིད་གཞུང་ཆེད་བེད་སྤྱོད་གཏོང་སྲིད་པ་དང་། དེ་ནི་དེ་སྔ་བྱུང་མྱོང་མེད་པའི་ཉེན་ཚབས་ཆེན་པོ་ཞིག་ཡིན་པའི་སྔོན་བརྡ་བཏང་གནང་འདུག འོན་ཀྱང་ཁོང་གིས་རྒྱ་ནག་མི་དམངས་ནི་མ་འོངས་པའི་རེ་བ་བྱ་ཡུལ་ཞིག་ཡིན་པ་ཡང་གསུངས་འདུག
དེ་བཞིན་སྐུ་ཞབས་སོ་རོསྀ་ཡིས་ཚེས་༢༤་ཉིན་གཏམ་བཤད་གནང་བའི་ནང་། རྒྱ་ནག་ནི་རྒྱལ་སྤྱིའི་ནང་ནས་དབང་ཆ་གཅིག་སྡུད་ཀྱི་སྲིད་གཞུང་གཅིག་པུ་དེ་མིན་ཡང་རྒྱ་ནག་ནི་རྒྱལ་སྤྱིའི་ནང་ནས་རྒྱུ་ནོར་སྟོབས་འབྱོར་ཆེ་བ་དང་། སྟོབས་ཤུགས་ཆེ་བ། འཕྲུལ་རིགས་ཀྱི་ཐོག་ཡར་རྒྱས་ཆེན་པོ་ཕྱིན་པའི་དབང་ཆ་གཅིག་སྡུད་ཀྱི་རྒྱལ་ཁབ་ཅིག་རེད་ཅེས་གསུངས་ཤིང་། འོན་ཀྱང་ཁོང་གིས་ར་ཤི་ཡའི་སྲིད་འཛིན་ཝལཱ་དྷི་མིར་པུ་ཏིན་མཆོག་གིས་(Vladimir Putin) དབུ་ཁྲིད་པའི་ར་ཤི་ཡའི་ཐོག་དེ་ཙམ་གྱི་བློ་འཚབ་བྱེད་དགོས་དོན་མེད་སྐོར་ཡང་གསུངས་འདུག
སྐུ་ཞབས་ཇོརཇ་སོ་རོསྀ (George Soros) ལགས་ནི། ཨ་རིའི་མང་གཙོ་ཚོགས་པར་རྒྱུན་དུ་དཔལ་འབྱོར་གྱི་ཞལ་འདེབས་གནང་མཁན་ཆེས་འབྱོར་ལྡན་ཞིག་ཡིན་པ་དང་། ཁོང་གིས་སྲིད་འཛིན་ཨ་རིའི་སྲིད་འཛིན་ཌོ་ནཱལཌ་ཏྲམཔ་(Trump)མཆོག་གིས་རྒྱ་ནག་ཐོག་བཟུང་བའི་སྲིད་བྱུས་ལངས་ཕྱོགས་ལའང་སྐྱོན་བརྗོད་གནང་ཞིང་། ཁོང་གིས་ཨ་རིས་རྒྱ་ནག་ལ་ཚོང་དམག་རྒྱབ་རྒྱུའི་ཚབ་ཏུ་རྒྱ་ནག་གི་ཁེ་གཉེར་ལས་ཁང་ཧ་ཝེ་དང་(ZTE)སོགས་ལ་ཐུགས་ཞིབ་ནན་པོ་གནང་དགོས་པ་དང་། རྒྱ་ནག་གི་ཁེ་གཉེར་ལས་ཁང་དེ་ཚོ་ནི་རྒྱལ་སྤྱིའི་བདེ་འཇགས་ཐོག་དེ་སྔ་བྱུང་མྱོང་མེད་པའི་ཉེན་ཚབས་ཀྱི་གནད་དོན་ཞིག་ཡིན་པ་གསུངས་འདུག
ཡང་ཕྱི་ཟླ་ ༡ ཚེས་༢༥་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་ཧ་ཁྲུན་དབྱིངས་ཀྱིས་སྐུ་ཞབས་ཇོརཇ་སོ་རོསྀ་(George Soros) ལགས་ཀྱིས་ཡག་སྡུག་མ་ཤེས་པའི་གཏམ་བཤད་དེ་ནི་གོ་དོན་མེད་པ་ཞིག་ཡིན་སྟབས་དེར་དགག་ལན་རྒྱབ་རྒྱུའི་རིན་ཐང་མེད་ལུགས་བཤད་འདུག་ལ་དེ་བཞིན་ཧ་ཁྲུན་དབྱིངས་ཀྱིས། ཨ་རིའི་ངོས་ནས་རྒྱུ་མཚན་ལྡན་པ་དང་སྒྲུབ་བྱ་ཡོད་པ། དེ་བཞིན་ལྟ་སྟངས་བཟང་སྤྱོད་དང་ལྡན་པའི་ཐོག་ནས་རྒྱ་ནག་གི་ཡར་རྒྱས་ལ་འགྲེལ་བརྗོད་བྱ་དགོས་ལུགས་བཤད་དེ་ལན་འདེབས་བྱས་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་སྲིད་འཛིན་ ༤༧ པ་ཌོ་ནལཌི་ཊམཔ་མཆོག་གིས་གཞུང་འཛིན་གྱི་འགན་འཁུར་བཞེས་པའི་སྐབས་འདིར། ཨ་མི་རི་ཀས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་མང་གིས་ཐུགས་རེ་གནང་བཞིན་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་པས་མཛད་རིམ་ཐོག་མ་རྒྱ་གར་སོགས་མཐུན་ཕྱོགས་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་དང་མཇལ་འཕྲད་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎