རྒྱ་ནག་ནས་གནམ་གྲུ་བཙན་ཁྲིད་བྱེད་རྩིས།

རྒྱ་ནག་གིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་ལ་འཕུར་བསྐྱོད་བྱེད་མཁན་ཐན་ཅིན་འགྲུལ་སྐྱེལ་གནམ་གྲུ་བཙན་ཁྲིད་བྱེད་རྩིས།

2012.06.29

༄༅༎རྒྱ་ནག་གིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་གྱི་གྲོང་ཁྱེར་ཧོ་ཏན་ནས་རྒྱལ་ས་ཨུ་རུམ་ཆི་བར་འཕུར་བསྐྱོད་བྱེད་མཁན་ཐན་ཅིན་འགྲུལ་སྐྱེལ་གནམ་གྲུ་ཞིག་གཟའ་པ་སངས་ཉིན་ལམ་བར་ནས་མི་དྲུག་གིས་བཙན་ཁྲིད་བྱེད་རྩིས་བྱས་སྐབས། གནམ་གྲུའི་ནང་གི་ཞབས་ཞུ་བ་དང་། འགྲུལ་པ་ཁག་ཅིག་གིས་གནམ་གྲུ་བཙན་ཁྲིད་བྱེད་མཁན་ཚོར་ཕར་རྒོལ་བྱས་བར་བརྟེན་བཙན་ཁྲིད་མ་ཐུབ་པར་ཧོ་ཏན་གནམ་ཐང་དུ་བབ་ཡོད་ལུགས་རྒྱ་ནག་གཞུང་གི་དཔོན་རིགས་ནས་འགྲེལ་བརྗོད་བྱས་འདུག ད་དུང་གནས་ཚུལ་ལྟར་ན། གནམ་གྲུ་བཙན་ཁྲིད་བྱེད་མཁན་མི་དྲུག་པོ་ཡང་འཛིན་བཟུང་བྱས་ཡོད་པ་དང་། ཁོང་ཚོ་ཚང་མ་སྐྱེས་པ་དང་། ཡུ་གུར་མི་རིགས་ཡིན་ཞིང་། ཁོང་ཚོས་གནམ་གྲུ་གཏོང་མཁན་གྱི་སྒོ་གཏོར་རྩིས་བྱེད་སྐབས་ཞབས་ཞུ་བ་དང་། འགྲུལ་བཞུད་པ་ཚོས་ཕར་རྒོལ་བྱས་བ་ཡིན་པར་སྐབས་དེར་མི་ཁ་ཤས་ལ་རྨས་སྐྱོན་ཕོག་ཡོད་པ་རེད་འདུག། གནས་སྟངས་དེའི་འོག་ད་ལྟའི་ཆར་གནམ་གྲུ་བཙན་ཁྲིད་བྱེད་རྩིས་བྱེད་མཁན་མི་དྲུག་པོ་དེ་དག་སུ་ཡིན་མིན་དང་། དམིགས་ཡུལ་སོགས་འདྲི་རྩད་བྱེད་བཞིན་པ་ཡིན་ལུགས་བྷེ་བྷེ་སེའི་གསར་འགྱུར་རྒྱུད་ལམ་ལ་འགྲེལ་བརྗོད་བྱས་འདུག གོང་གི་གནམ་གྲུ་དེའི་ནང་ཁྱོན་འགྲུལ་པ་མི་གྲངས་༩༢དང་། གནམ་གྲུའི་ཞབས་ཞུ་བ་མི་གྲངས་དགུ་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་སྲིད་འཛིན་ ༤༧ པ་ཌོ་ནལཌི་ཊམཔ་མཆོག་གིས་གཞུང་འཛིན་གྱི་འགན་འཁུར་བཞེས་པའི་སྐབས་འདིར། ཨ་མི་རི་ཀས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་མང་གིས་ཐུགས་རེ་གནང་བཞིན་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་པས་མཛད་རིམ་ཐོག་མ་རྒྱ་གར་སོགས་མཐུན་ཕྱོགས་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་དང་མཇལ་འཕྲད་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎