རྒན་ཡེ་ཤེས་ཐུབ་བསྟན་ལགས་དགོངས་པ་རྫོགས་རྗེས་ཐུགས་དམ་བཞུགས་བཞིན་ཡོད་པ།

2022.02.01
Share on WhatsApp
Share on WhatsApp
རྒན་ཡེ་ཤེས་ཐུབ་བསྟན་ལགས་དགོངས་པ་རྫོགས་རྗེས་ཐུགས་དམ་བཞུགས་བཞིན་ཡོད་པ།
སྒྲིག་བཟོ།

ཉེ་ལམ་བྱེས་ཀྱི་གདན་ས་ཆེན་པོ་དགའ་ལྡན་ཤར་རྩེ་ཕུ་ཁང་ཁང་ཚན་གྱི་རྒན་ཡེ་ཤེས་ཐུབ་བསྟན་ལགས་དགོངས་པ་རྫོགས་ཏེ་ཕྱི་ཚེས་ ༢༦ ཉིན་མོར་ཉིན་གྲངས་ ༡༩ སོང་ཡང་། སྐུ་ཕུང་ལ་དྲི་མ་མེད་པ་དང་སྐུ་ཕུང་གི་ཚ་དྲོད་ལ་དམིགས་བསལ་འགྱུར་འགྲོས་ཆེན་པོ་མེད་པར་བཞུགས་ཡོད་པ་ཤེས་རྟོགས་བྱུང་ཞིང་། ད་ལྟ་ཚན་རིག་པ་ཚོས་འདིར་ཞིབ་འཇུག་གནང་བཞིན་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཐུགས་དམ་དུ་བཞུགས་པའི་རྒན་དམ་པ་ཡེ་ཤེས་ཐུབ་བསྟན་ལགས་ཀྱི་དགེ་ཕྲུག་དགེ་བཤེས་བློ་བཟང་ཆོས་གྲུབ་ལགས་དང་། དེ་བཞིན་ཐུགས་དམ་དང་འབྲེལ་བའི་ཚན་རིག་ཉམས་ཞིབ་ཚོགས་ཆུང་གི་ནང་འགན་འཁུར་བཞེས་མཁན་ཁོངས་ནས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དགེ་བཤེས་བློ་གྲོས་བཟང་པོ་ལགས་བཅས་དང་ལྷན་ཐུགས་དམ་ཞེས་པ་འདི་གང་འདྲ་ཞིག་ལ་གོ་དགོས་པ་དང་།  འདིའི་ཐད་འཛམ་གླིང་ཚན་རིག་པའི་སྤྱི་ཚོགས་ནང་ངོས་འཛིན་གང་འདྲ་ཞིག་གི་ཐོག་ལ་སླེབས་པ་སོགས་དང་འབྲེལ་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎