རྒྱ་ནག་གིས་བོད་ནང་སྐད་ཡིག་གི་ཆ་ནས་རྒྱ་མི་དང་གཅིག་པ་བཟོ་རྒྱུའི་ཐབས་ཤེས་ཤུགས་ཆེ་རུ་བྱེད་བཞིན་པ།

2022.01.26
Share on WhatsApp
Share on WhatsApp
རྒྱ་ནག་གིས་བོད་ནང་སྐད་ཡིག་གི་ཆ་ནས་རྒྱ་མི་དང་གཅིག་པ་བཟོ་རྒྱུའི་ཐབས་ཤེས་ཤུགས་ཆེ་རུ་བྱེད་བཞིན་པ། སེང་འབྲུག་སྟག་རྩེ་སྒེར་གཉེར་སློབ་གྲྭ།
བོད་འབྱོར།/RFA

ཐེངས་འདིའི་ཤེས་ཡོན་སློབ་གསོའི་ལེ་ཚན་ནང་། བོད་ཐོག་རྒྱ་ནག་གི་འཛིན་པའི་ཤེས་ཡོན་སྲིད་བྱུས་དེ་བཞིན་བོད་ནང་གི་བོད་མི་རྣམས་ཤ་དང་རུས་པ་གཅིག་པུ་བོད་པ་ཡིན་པ་མ་གཏོགས་ཆོས་དང་རིག་གཞུང་། སྐད་ཡིག་གི་ཆ་ནས་རྒྱ་མི་དང་གཅིག་པ་བཟོ་རྒྱུའི་ཐབས་ཤེས་ལག་བསྟར་ཤུགས་ཆེ་བྱེད་བཞིན་ཡོད་པ་བཞུགས་སྒར་དུ་རྟེན་གཞི་གནང་བའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ལྟེ་གནས་ཁང་གི་བོད་ནང་གི་ཤེས་ཡོན་སློབ་གསོའི་ཐོག་ཉམས་ཞིབ་གནང་མཁན་ཀརྨ་བསྟན་འཛིན་ལགས་ཀྱིས་འགྲེལ་བརྗོད་གནང་བའི་སྐོར། རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། རིག་ལྡན་སྒྲོལ་མ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎